[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ཐོན་ལས་འཕེལ་རྒྱས་རིམ་སྤོར་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

     ཚེས་5ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཐོན་ལས་འཕེལ་རྒྱས་རིམ་སྤོར་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱར་མཐའ་གཅིག་ཏུ་གཞིགས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། གནད་སྨིན་ཐད་མུ་མཐུད་བསམ་གཞིག་བྱེད་པ་དང་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་ཐོན་ལས་དབུལ་སྐྱོར་ཐད་སྟོབས་ཤུགས་གཅིག་འགྲིལ་བྱས་ཐོག་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཡག་པོ་ལེན་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་མཐོ་ཚད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཚོགས་ཆུང་གིས་བཏོན་པའི་གནད་དོན་ཚང་མ་དང་ལེན་ཞུས་ཏེ་རང་འགུལ་ངང་ངོས་འཛིན་རྩིས་ལེན་དང་། གསེད་བཀྲོལ་ནན་ཏན། རྩིས་ཐོ་འཛུགས་པ། རིམ་བཞིན་དོན་འཁྱོལ། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ཏེ་གནད་དོན་ཚང་མ་དོན་འཁྱོལ་ཐུབ་པ་དང་གནད་དོན་ཚང་མར་ལན་འདེབས་པ་བཅས་བྱེད་དགོས་པ་དང་།  གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སོགས་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལ་ནན་པོར་གཞིགས་ནས་ཀྲུང་དབྱང་གི་བླང་བྱར་དཔེ་བསྡུར་པ་དང་། གཅིག་ཤེས་ཀུན་གྲོལ། རྩ་ལག་མཉམ་སྤྱོད་བཅས་མཐའ་འཁྱོངས། སྤྱི་འདོམས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གནད་དོན་དག་ཐེར་བྱེད་པའི་ལས་ཀའི་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་ནས་ལས་ཀའི་ཞན་ཆ་གསབ་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ནན་དུ་བཏང་སྟེ་མཁྲེགས་སར་གཏུགས་ཕོད་པ་དང་། ཕྱོགས་ཡོངས་ནས་ནན་པོ་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། ནར་འགྱངས་བྱེད་པ། མི་དགོས་པའི་ལས་རྙོག་བཟོ་བ་བཅས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་དག་ཐེར་དོན་འཁྱོལ་བྱེད་པར་ངོ་བོ་གསལ་རྟོགས་དང་། འཛེམ་མེད་དམར་འདོན། ཕན་འབྲས་དངོས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐད་ཆེ་དགྲ་ལྷས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་དོན་གཙོ་བོ་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་དང་བསམ་བློའི་ངོས་འཛིན་སྔར་བས་གོང་མཐོར་བཏང་ནས་ཐོན་ལས་དབུལ་སྐྱོར་དེ“དབུལ་པོའི་ཞྭ་མོ”འབུད་པ་དང་། “དབུལ་པོ་དྲུངས”ནས་འབྱིན་པ། ཕུགས་ཀྱི་འཕེལ་རྒྱས་མངོན་འགྱུར་བཅས་བྱེད་པའི་རྩ་བའི་ཐབས་ཇུས་ལ་བརྩིས་ནས་བཀོད་སྒྲིག་ཚགས་ཚུད་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ་བྱས་རྗེས་ཧུར་ཐག་བཞག་ནས་ཐོན་ལས་ཆེན་པོ་བདུན་འཕེལ་རྒྱས་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་དམ་འཛིན་ནན་པོ་དང་། ཏན་ཏིག་ཡག་པོ། ཕན་འབྲས་ཐོན་པ་བཅས་བྱེད་དགོས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་རང་ས་རང་ཡུལ་ནས་མི་འབྲལ་བ་དང་། ཐག་ཉེ་བ་དང་སྟབས་བདེ་ས། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ། འོས་འཚམ་གཅིག་སྡུད་དང་ཁ་ཐོར་ཟུང་འབྲེལ་བཅས་ཀྱི་བླང་བྱ་གཞིར་བཟུང་སྤྱི་འདོམས་འཆར་འགོད་དང་བཀོད་ཇུས་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པ། ལེགས་ཆ་གྲུབ་པ་བཅས་བྱས་ཏེ་ཐོན་ལས་རྣམ་གྲངས་རྒྱུན་ཆད་མེད་པར་ལེགས་སྒྲིག་རིམ་སྤོར་བྱས་ནས་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་སེལ་བ། ཐོན་ལས་དབུལ་སྐྱོར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་དང་ནུས་ཆེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཡག་པོ་ལེན་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།