[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན་གྱིས་ཁག་སོ་སོར་སྲིད་གྲོས་ཀྱི་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    ཚེས་9ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ་ཞིང་ལས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ལའང་ཞུགས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཞིང་ལས་རིགས་ཁོངས་ནས་ཕེབས་པའི་ཨུ་ཡོན་རེ་རེ་བཞིན་ལ་ཕྱག་བཏང་ནས་བྱམས་བརྩེའི་གླེང་མོལ་གནང་བ་རེད། ཚོགས་ཆུང་གྲོས་བསྡུར་བྱ་ཡུལ་དུ་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཨུ་ཡོན་ཁྲེན་ཆན་དང་། ཧན་ཅུན་ཝུན། ཀརྨ་བསོད་ནམས། ཉོག་ཆུང་ཆུང་། བསོད་ནམས་སྟོབས་རྒྱལ། བཀྲ་ཤིས་བསམ་གྲུབ། དབང་འདུས། ཀྲུའུ་ཞ། ཀྲང་ཡན་ལི། སྐལ་བཟང་དོན་གྲུབ་སོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་། མཐའ་དར་དམངས་ཕྱུག ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་སོགས་ལ་དམིགས་ནས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འདོན་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་གཟབ་ནན་ངང་གསན་རྗེས་ཟིན་བྲིས་ནན་ཏན་བསྐྱོན་པ་དང་གཏམ་ལྕེབས་ཡང་ཡང་གནང་སྟེ་ཚང་མ་དང་གྲོས་བསྡུར་སྤེལ་རེས་གནང་བ་རེད།

    གཏམ་བཤད་སྤེལ་རིང་། བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་ཡོངས་སུ་མོས་མཐུན་ཡང་གནང་ཞིང་། བློ་བཟང་རྒྱལ་མཚན་གྱིས“ཞིང་གསུམ”གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། རང་ལྗོངས་ཀྱི་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཞིང་འབྲོག་ཁུལ་དུ་དེ་བས་མངོན་གསལ་དོད་པོ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་ཆུ་ཚད་དེ་བས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། བཟློག་མེད་ཀྱི་ལས་འགན་དང་ཡང་ཡང་བསྡུར་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཨང་དང་པོར་འཇོག་པ་དང་སྲིད་ཇུས་དང་། མ་དངུལ། སྟོབས་ཤུགས་བཅས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྔར་བས་གཟིགས་སྐྱོང་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་དང་། བློ་བཟང་རྒྱལ་མཚན་གྱིས་ཨུ་ཡོན་ཚོར་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་ཀྱིས་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་དེ་བས་ཆེ་བ་དང་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ཐུགས་རེ་གནང་བ་རེད།

    ཚེས་9ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་དཔལ་འབྱོར་རིགས་ཁོངས་ཀྱི་ཚོགས་ཆུང་ནང་ཕེབས་ནས་སྲིད་གྲོས་ཨུ་ཡོན་ཚོར་བྱམས་བརྗེའི་ངང་གཟིགས་པ་མ་ཟད། ཚང་མ་དང་ལྷན་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་ཡང་གནང་བ་རེད།

    ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཨུ་ཡོན་ལི་ཧའེ་པོ་དང་། སྐལ་བཟང་དབང་ཕྱུག དོན་གྲུབ་ཚེ་རིང་། དབྱི་ཀོང་མིང་། པའོ་ཆོན་ཡུང་སོགས་ཀྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས། ཐོན་ལས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་སོགས་ལ་དམིགས་ནས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འདོན་གནང་བ་དང་། ཆེ་དགྲ་ལྷས་གཟབ་ནན་ངང་གསན་རྗེས་ཟིན་བྲིས་ནན་ཏན་བསྐྱོན་པ་དང་གཏམ་ལྕེབས་ཡང་ཡང་གནང་སྟེ་གྲོས་བསྡུར་བྱ་ཡུལ་དུ་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་ལན་བསྐྱོན་ཞིང་། ཁོང་གིས་ཨུ་ཡོན་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་དང་། དགེ་མཚན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་འདུག་པས་ང་ཚོས་དང་ལེན་ནན་ཏན་བྱས་ཏེ་ལས་དོན་དངོས་ཀྱི་ཁྲོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པ་རེད།

    གཏམ་བཤད་སྤེལ་རིང་། ཆེ་དགྲ་ལྷས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་ཡོངས་སུ་མོས་མཐུན་ཡང་གནང་ཞིང་། ཁོང་གིས་ན་ནིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དེའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བར་ཐུག་པ་དང་། རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅིས་སྣེ་ཁྲིད་དང་ཕྱོགས་སྟོན་གནང་བར་ཐུག་ཡོད། དེ་ནི་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་སེམས་གཅིག་མཐུན་གྱིས་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཀྱང་ཡིན་ཞིང་། དེའི་ནང་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོ་དང་། ལྷག་པར་དུ་དཔལ་འབྱོར་རིགས་ཁོངས་ཀྱི་ཨུ་ཡོན་ཚོའི་བློ་གྲོས་དང་ལེགས་སྐྱེས་ཚུད་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་རྒྱ་ཆེའི་ཨུ་ཡོན་ཚོར་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེད་ལས་ཀྱི་ལེགས་ཆ་དང་འབྲེལ་གཏུག་རྒྱ་ཁྱབ་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སློབ་སྦྱོང་དང་ལག་ལེན་ཁྲོད་བསམ་ཕྱོགས་འཚོལ་ཞིབ་དང་ཐབས་འདོན་ཇུས་འགོད་བྱེད་པ། བཀོལ་སྤྱོད་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེ་བ་དང་ཁྱབ་གདལ་གཏོང་སླ་བའི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་འཚོལ་ཞིབ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གིས་གནད་དོན་ཐག་གཅོད་དང་ལས་དོན་ལེགས་བཅོས་བྱ་རྒྱུར་ཇུས་ཤུགས་མཉམ་འདོན་ཧུར་ཐག་བྱེད་པ། རིམ་ཁག་སྲིད་གཞུང་གིས་ལས་དོན་དོན་འཁྱོལ་དེ་བས་རང་འགུལ་དང་དེ་བས་གནད་སྨིན་ཡོང་རྒྱུར་རོགས་རམ་བྱེད་པ་དང་སྦྲགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་བྱེད་པ་དང་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་བྱས་ནས་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་ཁྲིད་སྟོན་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

    ཚེས་9ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཀྲུང་གུང་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་བྱ་ཡུལ་དུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ་ཚོགས་ཆུང་གྲོས་བསྡུར་ལའང་ཞུགས་པ་རེད།

    ཀྲུང་གུང་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། ཨུ་ཡོན་ཚོས་གང་བསམ་ལྷུག་གླེང་དང་རང་སོ་སོའི་ལྟ་སྟངས་གླེང་གནང་བ་རེད། སྲིད་གྲོས་ཨུ་ཡོན་བསྟན་འཛིན་དང་། སུན་ཤན་ཀྲུང་། ལྷག་པ་ཚེ་རིང་། པ་སངས། ཡེ་ཤེས་རྒྱ་མཚོ། ཡུས་ཧོ་ཕིང་། བསྟན་པ་དབང་ཕྱུག ཨ་ནུ་ཚེ་རིང་། ཡུས་ཤིས་དབྱིང་སོགས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས། དགོན་སྡེའི་དོ་དམ་གསར་གཏོད། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཡག་པོ་སྒྲུབ་པ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་སོགས་ལ་དམ་པོར་དམིགས་ཏེ་གཏམ་བཤད་ཧུར་ཐག་སྤེལ་བ་དང་ཐབས་འདོན་ཇུས་འདོན་གནང་བ་རེད། ཏིང་ཡེ་ཤན་གྱིས་ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་ནས། སྐབས་འགར་ཟིན་བྲིས་བསྐྱོན་པ་མ་ཟད། གྲོས་བསྡུར་བྱ་ཡུལ་དུ་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་ལན་ཡང་བསྐྱོན་པ་རེད།

    ཏིང་ཡེ་ཤན་གྱིས་མཛུབ་སྟོན་གནང་དོན། ཀྲུང་གུང་རིགས་ཁོངས་ཀྱི་ཨུ་ཡོན་ཚོར་ཐོབ་ཐང་ཉིས་བརྩེགས་དང་འགན་འཁྲི་ཉིས་བརྩེགས་ཡོད་པས། ཚང་མས་སྤྱི་ཡོངས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་སྲིད་གྲོས་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གྲོས་ཀྱི་འགན་འཁྲི་གལ་ཆེན་ཡག་པོ་ཁུར་བ་མ་ཟད། ད་དུང་གུང་ཁྲན་ཏང་མིའི་དཔེ་སྟོན་སྣེ་ཁྲིད་དང་སྲོག་ཤིང་རྐང་འཛིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུའི་ཐུགས་རེ་གནང་བ་སྟེ། གཅིག་ནས་བོད་ཀྱི་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ངོས་འཛིན་གང་ལེགས་དང་སྲིད་གྲོས་ཨུ་ཡོན་གྱི་གྲུབ་ཆའི་དམིགས་བསལ་རང་བཞིན་དང་། འགན་འཁྲི་སྒྲུབ་པའི་དམིགས་བསལ་རང་བཞིན་། ནུས་པ་དང་གནས་བབ་ཀྱི་དམིགས་བསལ་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ནས་ལས་དོན་གྱི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གཉིས་ནས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་སྲུང་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཞབས་འདེགས་ཞུ་བ། གསུམ་ནས་ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་དང་ལེགས་སུ་བཏང་ཐོག་སྲིད་གྲོས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། ཆེད་དོན་ཨུ་ལྷན་ཁག་གི་ཏང་རྩ་འཛུགས། རིགས་ཁོངས་ཁག་གི་ཏང་རྩ་འཛུགས་བཅས་སྟོབས་ཆེན་བཙུགས་ནས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། བཞི་ནས་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུར་བསམ་བློའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་དང་། རིམ་གྲས་ཁག རིགས་ཁོངས་ཁག ཚོགས་པ་ཁག ལས་རིགས་ཁག་བཅས་ཀྱི་མི་སྣས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ནས་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བ། ལྔ་ནས་འགན་འཁྲི་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་བཏང་སྟེ་སློབ་སྦྱོང་ལ་ཤུགས་སྣོན་དང་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ཐོག་འབྲེལ་ཡོད་ཆེད་ལས་ཤེས་བྱ་གཏིང་ཟབ་དང་མཐར་ཕྱིན་པ་སྦྱངས་ནས་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པའི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།