[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ཆབ་མདོའི“ས་ངན”ཡུག་ཁུལ་དང་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོས་མང་ཚོགས་དང་མཉམ་དུ་ལོ་གསར་དགའ་གཏོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    ཟླ་2ཚེས་5ཉིན་ནི་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་དང་བོད་ཀྱི་ལོ་གསར་གྱི་ཚེས་གཅིག་ཡིན་ལ། ཆབ་མདོ“ས་ངན”ཡུག་ཁུལ་གྱི་གནས་སྤོས་མང་ཚོགས་དང་ནག་ཆུའི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོས་མང་ཚོགས་ལྷ་སར་སྤོས་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་ཐེངས་དང་པོ་དེའང་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁོང་ཚོར་རྟག་ཏུ་ཐུགས་ཁྲལ་གནང་གི་ཡོད། གོང་ཚེས་ཉིན་གྱི་སྔ་དྲོ། ལོ་གསར་གྱི་སྨོན་འདུན་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མཚོན་ཆེད་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་གནས་སྤོས་མང་ཚོགས་ལ་བྱམས་བརྩེའི་ངང་འཚམས་འདྲི་ཞུས་ཏེ་ཚང་མ་དང་མཉམ་དུ་དུས་ཆེན་དགའ་གཏོང་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཁོང་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནས་སྤོས་མང་ཚོགས་ཚོས་ཚོར་བ་བྱས་ཡོད། 

    གཙང་སྦྲ་དོད་ལ་ཆ་ལག་ཚང་བའི་བདེ་སྐྱིད་ཁམས་བཟང་ཁུལ་ཆུང་དུ་བཀྲ་ཤིས་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཤིང་། ཆེ་དགྲ་ལྷས་མྱོང་ཚོར་ཟབ་མོའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུན་མོང་འབད་བརྩོན་འོག་ཁྱེད་རྣམ་པས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མ་ཐུབ་པའི”ས་ཆ་ནས་ལྷ་སར་སྤོས་རྗེས་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་མ་ཟད། ད་དུང་བདེ་སྐྱིད་ལྡན་པའི་འཚོ་བ་དང་དེ་བས་ཐག་ཉེ་རུ་སོང་ཡོད། ཁྱེད་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཚོ་ལྟར་ཟབ་པའི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་རེ་བ་ཡོད་ཅེས་གསུངས། ད་དུང་ཁོང་གིས་ལྷན་དུ་ཕེབས་མཁན་འགན་འཁུར་བློ་མཐུན་ཚོར་ངེས་པར་དུ་སྲིད་ཇུས་ཞིབ་འཇུག་དང་དེ་བཞིན་རྗེས་མཐུད་ཞབས་འདེགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དམངས་ལ་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་བྱ་བ་བཟང་པོ་ཏན་ཏིག་སྒྲུབ་དགོས་པའི་བཀའ་མངགས་ཡང་ཡང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།