[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-12

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དེ་ལས་སྒྲུབ་ལས་གཏོད་དང་སྒྱུར་བཅོས་གསར་གཏོད་ཀྱི་སྒུལ་ཤུགས་ཧ་ཅང་ཆེན་པོ་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་པར་རྒྱག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས་སུ་བསྒྱུར་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུའང་ཡིན་ཞེས་གསུངས་ཤིང་། ཁོང་གིས་2019ལོར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་ཁ་གསབ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། 

    ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་གཏོང་གི་ལས་དོན་སྤེལ་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག་པ་དང་རྒྱལ་ཁ་ལེན་པ་བཅས་བྱས་ནས་མི་འབོར་དབུལ་པོ་ཁྲི་15ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་19ཚང་མའི་དབུལ་ཞྭ་འབུད་ཐུབ་པའི་འགན་ལེན་དང་། ལྗོངས་ཡོངས་ཀྱི་དབུལ་པོ་དབུལ་རྐྱང་དག་རྩ་བའི་ཆ་ནས་དབུལ་སྒྲོལ་ཐུབ་པ། ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་དོན་འཁྱོལ། མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ལེགས་གཉེར། “དྲ་སྦྲེལ+སྨན་བཅོས”ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། སྒུལ་ནུས་གསར་པ་མུ་མཐུད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ལས་གཏོད་རྣམ་པ་སྐྱེད་སྲིང་བྱེད་པ་བཅས་བྱས་ནས་ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་བོད་ཀྱི་རྣམ་གྲངས་གལ་ཆེན་24ཚང་མ་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོའི་ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་བ། ས་གཞི་དེ་བས་ལྗང་ཐིང་ངེར་གནས་པ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཏེ། ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་འཛིན་ཐོན་ལས། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཐོན་ལས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཆུ་ཚད་མཐོ་པོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་རྒྱུན་མཐུད་ནས་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ལྗོངས་ཕྱིར་སྒོ་མོ་འབྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། མཐའ་མཚམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།