[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཅང་ཅེས་ཆབ་མདོར་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-13

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཁྱེར་དུ་སྐྱོད་མཁན་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་རུ་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་དོན་པར་གཟིགས་པ་རེད། 

    ཅང་ཅེས་ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་དང་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་བཟུང་དང་། ལས་རེས་ལས་སྒྲུབ་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཡག་པོ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས་པ་དང་། གཙོ་གནད་འབུར་ཐོན་དང་། འགག་རྩར་དམ་འཛིན། ཉམས་ཞན་ལ་དམིགས་པ། དགོན་སྡེ་དང་། སློབ་གྲྭ ཁྲོམ་གཞུང་། ཐང་ཆེན་སོགས་གཙོ་གནད་ཁུལ་དང་ས་ཁོངས་གལ་ཆེན་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་དང་རྩོད་གཞི་ཐོན་བཟོ་ཡོད་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཧུར་ཐག་བྱེད་པ། ལས་ཀའི་རྩིས་ཁྲ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ། ཕྱོགས་ཁག་མཉམ་འགོག་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། གྲོང་སྡོད་ལས་དོན་རུ་ཁག དགོན་སྡེ་དོ་དམ་ཨུ་ལྷན། གྲོང་ཚོའི“ཨུ་ལྷན་གཉིས” དམངས་འཚོའི་ཆ་འཕྲིན་པ་སོགས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཐུན་མོང་ཐོག་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།