[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲོང་ཡན་གྱིས་ཁག་བགོས་དོ་དམ་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆེད་དོན་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དང་ལྗོངས་སྒྲིག་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་ལྟར། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཁག་བགོས་དོ་དམ་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆེད་དོན་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཐད་ཆེད་དོན་གླེང་མོལ་གནང་བ་རེད། 

    ཁག་བགོས་དོ་དམ་སྡེ་ཚན་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས། སྡེ་ཚན་ཁག་གིས་དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་དང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དེ་ལས་སྒོའི་ལས་དོན་དང་མཉམ་དུ་འཆར་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ། མཉམ་དུ་དཔྱད་ཞིབ་བཅས་མཐའ་གཅིག་ཏུ་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་དགོས། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་ཆབ་སྲིད་འཛུགས་སྐྱོང་གནས་བབ་གལ་ཆེན་དུ་ཏན་ཏིག་འཇོག་པ་དང་། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དང་རང་སྐྱོང་ལྗོངས་ཀྱི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་གནད་འཁེལ་ཡོང་བར་སྐུལ་འདེད་གཏོང་བ། སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་འདུམ་འགྲིག་ཏན་ཏིག་བྱེད་པ། རྣམ་གྲངས་ཀྱི་ཞིབ་མཆན་དང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྲིད་གཙང་གི་ཉེན་ཁ་འགོག་ཟོན་ཏན་ཏིག་བྱེད་པ། དབང་ཆ་འཁོར་སྐྱོད་བྱེད་པའི་སྲིད་གཙང་གི་ཉེན་ཁར་འགོག་ཟོན་ཏན་ཏིག་བྱེད་པ། གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་གྱི་སྲིད་གཙང་གི་ཉེན་ཁར་འགོག་ཟོན་ཏན་ཏིག་བྱེད་པ། བསྡོམས་རྩིས་གཞི་གྲངས་རྫུན་བཟོའི་ཉེན་ཁར་འགོག་ཟོན་ཏན་ཏིག་བྱེད་པ། ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཆབ་སྲིད་འགག་སྒོར་སྟངས་འཛིན་ཏན་ཏིག་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཏན་ཏིག་སེལ་བ་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ལོ་ལྟར་སྐས་རིམ་གསར་པར་སླེབས་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    ཀྲོང་ཡན་གྱིས་ཁག་བགོས་དོ་དམ་སྡེ་ཚན་ཏང་ཨུད(ཏང་ཙུའུ)ཁག་གིས་བྱེད་པོའི་འགན་འཁྲིར་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གྱི་འགན་འཁྲི་གཙོ་བོ་འཁུར་མཁན་གྱི་ལས་འགན་ལག་བསྟར་བྱེད་པ། ཚན་ཁག་གི་ཁོངས་མིས་ལས་འགན་ལྟར་ལས་བགོས་བྱེད་པ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཡག་པོ་བྱེད་པ། སྡེ་ཚན་ཁག་ཏུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་དངོས་འབྲེལ་བྱེད་པ། ཏང་ཡོན་དང་ལས་བྱེད་པ་ཁག་གིས་རང་འགུལ་ངང་ལྟ་སྐུལ་དང་ལེན་བཅས་བྱས་ནས་ནན་པོ་དང་དམ་པོའི་སྒོ་ནས་རང་ཉིད་ལ་བླང་བྱ་འདོན་དགོས་པའི་བླང་བྱ་བཏོན་པ་རེད། 

    ཁག་བགོས་དོ་དམ་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་བླང་བྱ་ནན་པོ་འདོན་པ་དང་དུས་མཚུངས་ཀྲོང་ཡན་གྱིས་ཚང་མ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཚུལ་མཐུན་གྱི་གོང་འོག་འབྲེལ་བ་དང་། ལུགས་མཐུན་གྱི་བློ་མཐུན་འབྲེལ་བ”འཛུགས་དགོས་པའི་བླང་བྱ་གནད་སར་འཁྱོལ་བར་བྱེད་དགོས་ཞེས་རང་ཉིད་དང་ཉེ་འཁོར་གྱི་ལས་སྒྲུབ་མི་སྣར་སྒྲིག་ལམ་དང་བླང་བྱ་ནན་པོའང་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།