[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་དང་རྫོང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་གྲོས་ཞིབ་དང་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་བཅས་ཕེབས་ཡོད་པ་རེད། 

    འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་དང་གཏམ་བཤད་གསན་རྗེས་ཏིང་ཡེ་ཤན་གྱིས་ད་ཐེངས་ཀྱི་གྲོང་ཁྱེར་དང་རྫོང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་དང་གྲོང་ཁྱེར་དང་རྫོང་གི་ལས་ཁུངས་གཙོ་བོའི་བཀོད་སྒྲིག་བྱེད་སྟངས་དང་དེ་བཞིན་དེའི་འགན་ནུས་རང་སྐྱོང་ལྗོངས་དང་འབྲེལ་མཐུད་ཡོང་རྒྱུ་མཐའ་འཁྱོངས་བྱས་པ་མ་ཟད། གྲོང་ཁྱེར་དང་ས་ཁུལ་དང་དེ་བཞིན་དེ་མན་གྱི་ལས་ཁུངས་ལ་རང་བདག་དབང་ཆ་དེ་བས་མང་བ་སྤྲད་པ་དེ་ནི་གཞི་རིམ་སྒྱུར་བཅོས་ཀྱི་འདུན་པ་དང་མཐུན་པ་དང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་བོད་ཀྱི་དོན་དངོས་དང་མཐུན་པའི་ཇུས་གཞི་ཡག་པོ་ཞིག་རེད། གྲོང་ཁྱེར་དང་རྫོང་གི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་རེད་ལ། ས་གནས་ལས་ཁུངས་ཀྱི་འགན་ནུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད་ཞེས་གསུངས། 

    ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས“སྔོན་བཙུགས་རྗེས་འདོར་དང་མ་བཙུགས་ན་མི་འདོར་བའི”སྤྱིའི་རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན། གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱི་ཧུར་སེམས་འདོན་སྤེལ་གང་ལེགས་བཅས་བྱས་ནས་གྲོང་ཁྱེར་དང་རྫོང་དུས་མཉམ་དུ་ལས་དོན་སྤེལ་བ་དང་། གོ་རིམ་སྟབས་བདེ་རུ་གཏོང་བ། ཚད་དང་ལྡན་ལ་གོ་རིམ་དང་ལྡན་པ། ལས་སྒྲུབ་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལས་དོན་གཅིག་གྱུར་དང་ཚད་ལྡན་ཡོང་བར་བྱེད་པ། གོང་འོག་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་མགྱོགས་ནས་མྱུར་དུ་ལག་ལེན་བསྟར་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།