[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཀྲོང་ཡན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-13

    ཚེས་10ཉིན་གྱི་དགོང་མོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མ་ཧྲེང་ཁྲང་དང་ཞུས་ཁྲེང་ཚང་སོགས་ཚོགས་འདུར་ཕེབས་པ་རེད། 

    ཚོགས་ཞུགས་མི་སྣའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཆེ་དགྲ་ལྷས་བསྟན་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཆོས་ཉིད་ལ་བརྩི་འཇོག་ཞུ་བ་དང་ཚོད་ལྟ་སྔོན་ལ་ལག་བསྟར་བྱེད་པ་དང་། སྔོན་སླ་རྗེས་དཀའི་རྩ་དོན་གཞིར་བཟུང་ཕན་ཡོད་གོ་སྐབས་དམ་འཛིན་བྱེད་པ་དང་། གནད་སྨིན་བླང་བྱར་གཞི་ཚུགས་པ། མ་འཇོག་གི་ཕན་ནུས་ལ་དམ་འཛིན་བཅས་བྱས་ཏེ་ཚོད་ལྟའི་ལས་དོན་འོས་འཚམ་ངང་སྤེལ་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་ཉམས་མྱོང་གསོག་འཇོག་གིས་མི་འབོར་གྱི་གཞི་ཁྱོན་འོས་འཚམ་ངང་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས། སྣོན་བཅུད་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བ་བྱས་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་འཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་དགོས། གྲོན་ཆུང་བསྲི་ཚགས་དང་། ཧུར་བསྲི་ཁྱིམ་སྐྱོང་། ཧུར་བསྲི་གྲོན་ཆུང་བཅས་ཀྱི་ཐོག་ནས་བྱ་བ་མཐའ་དག་སྒྲུབ་པའི་སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་དང་དར་སྤེལ་བཏང་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། ཞིབ་རྩིས་རྒྱག་པ་བཅས་ཀྱི་ཐོག་ནས་ཁ་ཐང་བའི་མ་དངུལ་དགོས་མཁོ་ཆེ་སར་གཏོང་དགོས། ཚོད་ལྟའི་ཁུལ་གྱི་ལས་དོན་ཁག་ཚན་རིག་དང་མཐུན་པར་སྤྱི་འདོམས་བྱས་ཏེ་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་། ཁང་པ། ལམ། གློག་ཤུགས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་གྱིས་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པ་བྱེད་དགོས། ཐོན་ལས་ལེ་ལག་ཚང་བའི་ཐད་ཤུགས་བརྒྱབ་ནས་མང་ཚོགས་ཀྱི་རྒྱུས་མངའ་ཆེ་བ་དང་། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ། ཐག་ཉེ་ས་དང་སྟབས་བདེ་ས་བཅས་ཀྱི་བླང་བྱ་གཞིར་བཟུང་སྤུས་ལེགས་དཀར་ཆུའི་ཐོན་ལས་དང་ནོར་ལུག་རྒྱགས་གསོ་སོགས་དེང་རབས་ཅན་གྱི་སྒྲིག་བཀོད་ཞིང་འབྲོག་ལས་ཀྱི་ཐོན་ལས་རྣམ་གྲངས་འཆར་འགོད་ཡག་པོ་བྱེད་པ་དང་། ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གནས་སྤོས་མང་ཚོགས་ཀྱི་རྗེས་མཐུད་འཕེལ་རྒྱས་གནད་དོན་ཐག་གཅོད་ཡག་པོ་བྱས་ཐོག་སྤོ་ཐུབ་པ་དང་། བརྟན་པོ་གནས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྣོད་བཅུད་འཛུགས་སྐྲུན་དང་དམངས་ཕྱུག་དམངས་ཕན་ཟུང་འབྲེལ་བྱས་ཏེ་གནས་སྤོ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་ཐུབ་པ་བྱས་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།