[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

     ཚེས་23ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་ཀའི་སྙན་སེང་གསན་པ་དང་། གནད་དོན་ལ་དབྱེ་ཞིབ་དང་། ཐབས་ཇུས་བྱ་ཐབས་ལ་ཞིབ་འཇུག་གནང་བ་དང་ཆབས་ཅིག་རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་པའི་ཐད་སླར་ཡང་སྐུལ་སློང་དང་། ནན་བཤད། བཀོད་སྒྲིག་བཅས་གནང་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་ཕན་འབྲས་སླར་ཡང་སྲ་བརྟན་དང་ཆེ་རུ་འགྲོ་བའི་འགན་ལེན་བྱས་པ་རེད། 

    ཏིང་ཡེ་ཤན་གྱིས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་ཐོབ་པར་ཁས་ལེན་གནང་ཞིང་། ཁོང་གིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་སྦྲེལ་མཐུད་ནུས་ལྡན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། དོན་དངོས་དང་ཕུགས་ལ་གཞིགས་ཏེ་འཆར་འགོད་དང་བསྡོམས་རྩིས་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཀྱི་ཡིག་ཆ་འདོན་པ་དང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ལས་ཞུགས་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་བོད་ཀྱི་ལས་ཞུགས་ལས་དོན་གྱི་དམིགས་བསལ་རང་བཞིན་དང་ཁྱད་ཆོས་ལ་གཞི་ཚུགས་པ་དང་། ཚང་མས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཚང་མས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། རྒྱལ་ཁབ་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་པ། ཐོན་ལས་དང་། ཁེ་ལས། བོད་སྐྱོར་བཅས་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ། གནད་སྨིན་བླང་བྱ་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་དམིགས་ཚད་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་ངོས་ཀྱི་འགན་འཁྲི་དང་ལས་འགན་ལ་ངོས་འཛིན་གསལ་པོ་དང་། ཡག་པོ་སྒྲུབ་པ། འགན་ཡག་པོ་འཁུར་བ། ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་བདའ་འདེད་ནན་དུ་གཏོང་བ། ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། འགན་ཡག་པོ་འཁུར་བའི་རྣམ་འགྱུར་ཐོག་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། ཚད་གཞི་དང་ཡང་ཡང་བསྡུར་ནས་ལས་དོན་ཁག་ལག་བསྟར་ཞིབ་ཚགས་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།