[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཉེ་ཆར། རང་སྐྱོང་ལྗོངས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ་དུམ་མཚམས་གོང་མའི་ལས་དོན་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སླར་ཡང་ཤུགས་སྣོན་བརྒྱབ་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཆེ་དགྲ་ལྷས་བསམ་བློའི་ངོས་འཛིན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱིས་ནད་ཡམས་ཚབས་ཆེན་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་བདེ་ཐང་དབུལ་སྐྱོར་གྱི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཐུམ་འབུའི་ནད་ཀྱི“ཚར་གཅོད་དམག་འཐབ”ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་དང་། ཕྱོགས་བསྡུས་འགོག་བཅོས་མུ་མཐུད་གཏིང་ཟབ་བྱས་ཏེ་སྨན་རྫས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འཁྱམ་ཁྱི་བསྡུ་ཉར་ཤུགས་ཆེན་བྱེད་པ། ཕྱུགས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། ཕྱུགས་རིགས་ཀྱི་གཅིག་སྡུད་བཤས་ར་མགྱོགས་མྱུར་བསྐྲུན་པ། ཆུ་འགོ་ཁུལ་སྲུང་སྐྱོང་འཛུགས་སྐྲུན་དང་འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གནད་དོན་བསྐྱར་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་ཐུམ་འབུའི་ནད་དང་ས་མཐོའི་ནད་འགོག་བཅོས་ལས་དོན་དེ་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དམིགས་ཚད་ཀྱི་ལས་རྗེས་དཔྱད་དཔོག་མ་ལག་ནང་འཇུག་པ་མ་ཟད། ས་མཐོའི་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཇུས་གཞི་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ཏེ་ལྗོངས་ཕྱི་ནང་གི་དྲིལ་བསྒྲགས་སྨྱན་སྦྱོར་ཁག་ཕྱོགས་བསྡུས་བེད་སྤྱོད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཕྱོགས་ཡོངས་ནས་མངོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་བྱེད་ལུགས་ཕྱོགས་ཡོངས་ནས་མངོན་པ། ཐུམ་འབུའི་ནད་ཀྱི་འགག་སྒྲོལ་དམག་འཐབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ལུགས་ཕྱོགས་ཡོངས་ནས་མངོན་པ་བཅས་བྱས་ཏེ་བདེ་ཐང་བོད་ལྗོངས་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།