[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ཧྥུའུ་ཅན་དང་ཁྲུང་ཆིང་གི་བོད་སྐྱོར་ལས་བྱེད་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆབ་མདོ་གྲོང་ཁྱེར་དུ་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་དང་བཞུགས་མོལ་གནང་ནས་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུའི་ཐད་གྲོས་མོལ་གནང་བ་རེད། 

    ཧྥུའུ་ཅན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ཧྲེང་ཀྲང་གཞོན་པ་བཅས་ཡིན་པའི་དབྱང་ཞན་ཅིན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཧྥུའུ་ཅན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་སེམས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བོད་སྐྱོར་ལས་དོན་སྤེལ་ཚུན་ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་གྱིས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་བརྩི་བ་དང་། མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་བཅས་མཐའ་འཁྱོངས་བྱས་པ་དང་འབྲེལ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཐོན་ལས་དང་། རྣམ་གྲངས། རིག་སྟོབས། ཤེས་ལྡན་པ་སོགས་རིམ་པ་མང་པོའི་ཐོག་ནས་གནད་སྨིན་སྦྲེལ་མཐུད་བྱེད་པའི་བོད་སྐྱོར་གྱི་བཀོད་པ་གསར་པ་ཞིག་ཆགས་པ་རེད། རེ་བར་ཧྥུའུ་ཅན་ཞིང་ཆེན་གྱིས་མུ་མཐུད་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལམ་སྲོལ་རྒྱ་སྐྱེད་དང་སྣུར་སྲིང་བྱེད་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རོགས་ཞེས་གསུངས་པ་རེད། 

    དབྱང་ཞན་ཅིན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཚད་གཞི་མཐོ་བའི་སྒོ་ནས་བོད་སྐྱོར་འཆར་འགོད་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མངོན་གསལ་དོད་པོ་བླངས་ཏེ་བོད་སྐྱོར་མ་དངུལ་80%ཡན་གཞི་རིམ་དང་དམངས་འཚོར་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། “གཞན་རྟེན”དང“རང་རྟེན”གྱི་བྱེད་ཐབས་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་ཧྥུའུ་ཅན་གྱི་ཤེས་ལྡན་པ་དང་། མ་དངུལ། ཆ་འཕྲིན་ལེགས་ཆ་བཅས་དང་བོད་ཀྱི་ཐོན་ཁུངས་ལེགས་ཆ་དང་ས་བབ་ལེགས་ཆ་ཟུང་འབྲེལ་ཡག་པོ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཐོག་ནམ་ཡང་གནས་པའི་རྐང་འཛིན་དཔུང་ཁག་ཅིག་གཏོད་དགོས་ཞེས་གསུངས་པ་རེད། 

    འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19དང་20ཉིན། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཐང་ལེང་ཀྲིས་རྟོག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་གྱི་ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་བོད་སྐྱོར་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་ཁྲུང་ཆིང་དང་བོད་ལྗོངས་ཁ་གཏད་རོགས་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ས་ཆ་གཉིས་པོའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་ལུགས་བརྒྱུད་ཞུ་གནང་བ་རེད། 

    ཁྲུང་ཆིང་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཧུའུ་ཝུན་རུང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བྱེད་སྒོར་ཕེབས་པ་རེད། 

    བཞུགས་མོལ་ཚོགས་འདུའི་ཐོག་ཐང་ལེང་ཀྲིས་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་བཀོད་སྒྲིག་ཡིན་ཞིང་། ང་ཚོས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཤུགས་ཚད་ཆེ་བ་བཅས་ཀྱི་སྒོ་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    ཆེ་དགྲ་ལྷས་བོད་དང་ཁྲུང་ཆིང་གི་མི་དམངས་ཀྱིས་ཡུན་རིང་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཁྲོད“ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛའ་གཅུགས་ཟབ་མོ་ཆགས་ཡོད། རེ་བར་ཁྲུང་ཆིང་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ལྷག་པར་དུ་ཞན་ཆ་གསབ་པ་དང་། ཐོན་ལས་སྟོབས་ཆེར་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་མཛུབ་ཁྲིད་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རོགས་སྐྱོར་ཐོབ་ཡུལ་གྱི་ལས་དོན་ཧུར་ཐག་ཡག་པོ་སྤེལ་ནས་རང་ཉིད་ཀྱི་ལས་བྱེད་པར་ལྟ་སྟངས་འཛིན་པ་ལྟར་ཁྲུང་ཆིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ལྟ་སྟངས་འཛིན་ནས་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་དང་། ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན། དོ་དམ་ཐད་བླང་བྱ་ནན་པོ། འཚོ་བའི་ཐད་སེམས་རྩ་འཁོལ་པོས་སེམས་ཁུར་བཅས་བྱས་ཏེ་མུ་མཐུད་ཁོང་ཚོའི་ལས་དོན་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་འབྲེལ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་དཔེ་སྟོན་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་དེ་བས་ལེགས་པའི་སྒོ་ནས་འཕེལ་བར་བྱས་ཐོག་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཡིན་ཞེས་གསུངས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།