[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བསྡུར་ནས་ཧེ་བག་འཚོལ་བའི་ཆེད་དོན་རྒྱུན་ཨུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    ཚེས་9ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བསྡུར་ནས་ཧེ་བག་འཚོལ་བའི་ཆེད་དོན་རྒྱུན་ཨུའི་ཚོགས་འདུ་འཚོགས་ཏེ་ཚན་ཁག་གི་ཁོངས་མི་ཚོས་མཉམ་དུ་ཏང་གི་སྒྲིག་ཡིག་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་བཅས་སློབ་སྦྱོང་བྱས་པའི་རྨང་གཞིའི་ཐོག་རིམ་གྱིས་བསྡུར་ནས་ཞིབ་ལྟ་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། སྣེ་ཁྲིད་དེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བསྡུར་ནས་ཧེ་བག་འཚོལ་བ་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་རང་ཉིད་ལ་ཞིབ་ལྟ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ཏང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། ཏང་གཤིས་ལ་ཞུན་བརྡར་བཅས་བྱས་ཏེ་ཏང་མིས་ཏང་གི་སྐད་ཆ་ཤོད་པ་དང་། ཏང་མིས་ཏང་ལ་དགའ་ཞེན་བྱེད་པ། ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་མིས་ཏང་གི་བྱ་གཞག་སྒྲུབ་པ། གང་གི་དུས་སུའང་ཏང་དང་གཅིག་སེམས་གཅིག་སྒྲིལ་བཅས་བྱས་ཏེ། ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀུན་སྤྱོད་ལྡན་དགོས་པ་དང་། སྒྲིག་ཁྲིམས་སྒྲིག་ལམ་གྱི་འདུ་ཤེས་ལ་ཤུགས་སྣོན་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཉམས་སད་ཐེག་པའི་སྤྱོད་ཚུལ་ལྡན་པ། ངོ་འགྱུར་སྔོན་འགོག་དང་ཉེན་ཁ་འགོག་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས་པ། ཁྲིམས་སྐྱོང་གི་འདུ་ཤེས་དང་གོ་རིམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ལས་དོན་གྱི་སྒྲིག་སྲོལ་དང་ཁྲིམས་འཛིན་ལྟ་སྐུལ་ལས་དོན་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ། རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་ཁོངས་མིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པའི་ཐད་མིག་དཔེ་བཏོན་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།