[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲེ་ཅང་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོཌ་པས་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    ཟླ་8ཚེས་8ཉིན། ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུ་ཝུན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཝེ་ཅུན་གྱིས་ཝུན་ཀྲོའུ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་བསྐྱོད་དེ་ཁ་གཏད་བོད་སྐྱོར་རྣམ་གྲངས་ལ་རྟོག་ཞིབ་དང་བརྟག་ཞིབ་བྱས་པ་མ་ཟད། ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས་དབར་བཞུགས་མོལ་དང་སྤེལ་རེས་བྱས་ཏེ། དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར་མཉམ་དུ་གྲོས་མོལ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་མཉམ་དུ་ཕེབས་ཡོད་པ་རེད།

    འཐུས་མི་ཚོགས་པས་ས་བབ་མཐོ་ལ་གྲང་ངར་ཆེ་ཁར་གསོ་རླུང་དཀོན་པ་དང་ལ་དུག་ཕོག་པ་སོགས་ལ་མ་འཛེམས་པར་རླངས་འཁོར་བཏང་ནས་ལྷ་རི་རྫོང་དུ་བསྐྱོད་པ་དང་། ཝུན་ཀྲོའུ་ཡིས་སྐྲུན་རོགས་བྱས་པའི་གླིང་མཐིལ་འབྱོར་འབྲིང་གྲོང་ཚོ་དང་། མུའུ་ཁྲི་ཟིན་པའི་ནོར་སྟོང་རྟེན་གཞི། རྫ་འབི་ཤང་གི་དབུལ་སྐྱོར་ཚོང་ལས་ཁྲོམ་གཞུང་སྒྱུར་བཀོད་སོགས་རྣམ་གྲངས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་རེད།

    རྫ་འབི་ཤང་གི་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་སྦྲ་ནག་ཏུ་ཝུན་ཀྲོའུ་གྲོང་ཁྱེར་དང་ལྷ་རི་རྫོང་གི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་མཉམ་འབྲེལ་གྲོས་ཚོགས་འཚོགས་ཏེ། བོད་བྱང་ཐང་དུ་གངས་ལྗོངས་ས་མཐོ་དང་ཀྲི་ཅང་ས་གཞི་ཆེ་མོའི་བརྩེ་སེམས་ཟབ་མོ་རྣམ་པར་མངོན་ཡོད། འཐུས་མི་ཚོགས་པ་དང་བཅས་པས། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོ་རོགས་སྐྱོར་གྱི་ཞིབ་ཚད་མཐོ་རུ་གཏོང་བ། ཐད་འབྲེལ་མཉམ་ལས་ཀྱི་ཟབ་ཚད་སྔོག་འདོན། སྤེལ་རེས་འབྲེལ་འདྲིས་ཀྱི་ཡངས་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་དངོས་འབྲེལ་སྲིད་ཇུས་སྤྱོད་གང་ཐུབ་དང་། མ་དངུལ་གང་ལེགས་སྤྱོད་པ། ཐོན་ཁུངས་བབ་བསྟུན་སྤྱོད་པ་བཅས་བྱས་ཏེ་ཁ་གཏད་རོགས་སྐྱོར་ཉིད་སྔར་བས་ཡངས་པའི་ཁྱབ་ཁོངས་དང་། སྔར་བས་ཟབ་པའི་རིམ་པ། སྔར་བས་མཐོ་བའི་ཆུ་ཚད་བཅས་སུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།