[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་སྲིད་གཞུང་དང་མི་སྤྱི་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བཞུགས་མོལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    ཚེས་3ནས་ཚེས་9ཉིན་བར། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་དང་། མི་སྤྱི་པུར་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་། མི་སྤྱི་པུའི་ཏང་ཙུའི་ཁོངས་མི་ཀེང་ཝུན་ཆིང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་དང་། ནག་ཆུ། ཆབ་མདོ་བཅས་སུ་ལས་ཞུགས་བརྟན་པོ་དང་། གྲོན་ཚད་གཅོག་པ། ལས་རིགས་རྩལ་ནུས་ཆེར་གཏོང་། ཆད་བཅོས་འགྲོ་སྲུང་། ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་སྦྲགས། དམག་ཞབས་ཐིམ་པའི་དམག་མི་དང་། ཁེ་ལས་ཀྱི་ལས་བཟོ། གཞི་རིམ་གྱི་མང་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ལ་ཡང་ཉན་པ་རེད།

    ཚེས་4ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་དང་མི་སྤྱི་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བཞུགས་མོལ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་གཙོ་སྐྱོང་གནང་བ་རེད།

    ཀེང་ཝུན་ཆིང་གིས་བསྟན་དོན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམིགས་ནས་བོད་སྐྱོད་བརྟག་ཞིབ་བྱེད་པ་ནི། གནད་དོན་གྱི་སྟོན་ཕྱོགས་དང་། ཕན་འབྲས་ཀྱི་སྟོན་ཕྱོགས། འགན་འཁྲིའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། མི་སྤྱི་པུའུ་ནི་དམངས་འཚོའི་སྡེ་ཚན་གལ་ཆེན་ཞིག་ཡིན་པས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཐོག ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མངོན་གསལ་དོད་པའི་གནད་དོན་ལ་གཤིབ་བསྡུར་བྱས་ནས་གཙལ་ཏེ། ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་བསམ་ཕྱོགས་དང་རེ་འདུན་ཤེས་རྟོགས་གསལ་པོ་བྱས་རྗེས་ཞིབ་ཕྲའི་བྱེད་ཐབས་བཟོས་ནས། བྱེད་ཐབས་དངོས་དང་བྱེད་ཐབས་ཡག་པོར་བརྟེན་ནས་ལས་ཞུགས་བརྟན་པོ་དང་། སྤྱི་ཚོགས་འགན་སྲུང་གི་གྲོན་ཚད་གཅོག་པ། ལས་རིགས་རྩལ་ནུས་ཆེར་གཏོང་། མི་སྤྱིའི་དབུལ་སྐྱོར། ཆད་བཅོས་འགྲོ་སྲུང་། ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་སོགས་ལ་གཙོ་གནད་དམ་འཛིན་བྱས་ཏེ། མི་སྤྱི་ཁོངས་གཏོགས་ཀྱི་ལས་ཀའི་ཕན་འབྲས་ཡག་པོར་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས།

    ཅང་ཅེས་མི་སྤྱི་པུས་བོད་ཀྱི་མི་སྤྱིའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་སྤྱིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།