[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲོང་ཡན་གྱིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-22

    ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་རྒྱུར་དམིགས་པ་དང“མ་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་སྟངས་སྤྱད་དེ་མངའ་རིས་ས་ཁུལ་སྒར་རྫོང་དང་རུ་ཐོག་རྫོང་དུ་ཕེབས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་མ་ཟད། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་རྣམ་གྲངས་སོཌ་ཀྱི་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་9པའི་ཐོག་ཀྲོང་ཡན་དང་བཅས་པ་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ཤིང་། ཀྲོང་ཡན་གཟབ་གཟབ་ནན་ནན་དང་གོམ་པ་དལ་བུའི་སྒོ་ནས་བློ་མཐུན་ལི་ཏི་སན་དང་ཁུང་ཧྥན་སེན་རྣམ་གཉིས་ཀྱི་བང་སོའི་མདུན་དུ་ཕེབས་ནས་མེ་ཏོག་སི་རའི་སྟེང་གི་མྱ་ངན་ཆ་ཡིག་ལེགས་སྒྲིག་ཞིབ་ཚགས་གནང་བ་མ་ཟད། མཇལ་དར་བསྒྲོན་ནས་མྱ་ངན་ཞུ་བའི་བསམ་པའང་མཚོན་པར་གནང་ཞིང་། ཀྲོང་ཡན་གྱིས་སྔོན་གཤེགས་དཔའ་བོ་ཚོའི་བྱས་རྗེས་ལ་མི་རྣམས་སེམས་འགུལ་ཚད་མེད་ཐེབས་པ་དང་མི་སེམས་ལ་སྐུལ་ལྕག་ཟབ་མོ་ཐེབས་ཀྱི་ཡོད།

    ང་ཚོས་སྔོན་སྐྱོད་ལེན་དང་ཁུང་ཧྥན་སེན་སོགས་སྔོན་གཤེགས་དཔའ་བོ་རྣམས་མིག་དཔེར་འཛིན་ནས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ཁུང་ཧྥན་སེན་གྱི་སྙིང་སྟོབས”རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་བ་དང་། ཐོག་མའི་བསམ་འདུན་འཆང་ནས་འགན་འཁྲི་འཁུར་བ་དང། ས་མཐོར་གཞིས་ཚུགས་ནས་ལེགས་སྐྱེས་འབུལ་རྒྱུའི་དམ་བཅའ་བཞག་ཏེ་མཛེས་སྡུག་ལྡན་པའི་མངའ་རིས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་དགོས་ཞེས་བརྩེ་བ་ཟབ་མོས་གསུངས།

    རུ་ཐོག་རྫོང་ལྕགས་སྒང་གྲོང་ཚོ་ནི་མཐའ་མཚམས་གྲོང་ཚོ་ཡིན་ཞིང་། རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལག་བསྟར་བྱས་ཚུན། ལྕགས་སྒང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། དེ་གར་དམིགས་བསལ་གྱི་ར་དཀར་པོའི་ཁུ་ལུ་བྲིན་ཁ་ཧ་ཅང་རྒྱུགས་ཤིང་གྲོང་མི་ཚོར་ཕན་པ་ཆེན་པོ་ཐོབ་པའི་གནས་ཚུལ་ཐོས་རྗེས། ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ཐོན་ཁུངས་རང་སྤུས་དང་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ། ཁུ་ལྡན་ར་དཀར་པོ་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་དང་འོས་འཚམ་གཏོང་བ་བཅས་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    གྲོང་མི་བཀྲ་ཤིས་དོན་གྲུབ་ཀྱི་ཁྱིམ་དུ་ཀྲོང་ཡན་གྱིས་ཁོང་དང་སྙིང་གཏམ་ཤོད་རེས་གནང། “ཁྱིམ་ལ་མི་ག་ཚོད་ཡོད་དམ། ཡོང་འབབ་ཡོང་ཁུངས་ག་ཚོད་ཡོད་དམ། ཕྲུ་གུ་སློབ་གྲྭར་གཏོང་གི་ཡོད་དམ”ཞེས་བཀའ་འདྲི་གནང་། བཀྲ་ཤིས་དོན་གྲུབ་ཀྱིས་ཀྲོང་ཡན་ལ་ནང་མི་ཚང་མས་མཐའ་མཚམས་མི་སེར་གྱི་ཁ་གསབ་དང་། རྩྭ་རའི་ཁ་གསབ། ནགས་ཚལ་གྱི་ཁ་གསབ་སོགས་སྲིད་ཇུས་དང་ཁ་གསབ་སྣ་ཚོགས་ལོངས་སུ་སྤྱོད་ཀྱི་ཡོད་ལ། ཕྲུ་གུ་ཡང་གྲོང་ཚོའི་བུ་བཅོལ་ཁང་དུ་གཏོང་གི་ཡོད་པས། འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་ཅེས་ཞུས། ཀྲོང་ཡན་གྱིས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཟབ་མོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་བ་དང་ཁ་བྲལ་ཐབས་མེད། རེ་བར་ཁྱེད་ཚོས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་དགོས་པ་གསལ་པོ་ཤེས་པར་བྱས་ཏེ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་རང་རྟོགས་ངང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྔར་བས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ད་དུང་གྲོང་གསེབ་ཀྱི་གཞུང་ལམ་སོགས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཀྲོང་ཡན་གྱིས་ཐུགས་ཁྲལ་ཆེ་ཤོས་གནང་ཡུལ་ནི། དམངས་འཚོའི་གནད་དོན་ཡིན་པ་རེད། སྒར་རྫོང་དུ་རྒྱ་སྨུག་ཆུ་ཡུར་ལས་གྲྭ་དང་། སྣོད་བཅུད་ཞིང་ལས་གླིང་། མངའ་རིས་ཀྱི་གློག་དྲའི་གློག་འདོན་སྒྲིག་ཆས་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་མང་ཚོགས་ག་ཚོད་ཙམ་ལ་འབབ་འཕར་ཡོང་རོགས་བྱས་པ་དང་། ལས་ཞུགས་ཀྱི་གནད་དོན་ག་ཚོད་ཐག་གཅོད་བྱས་ཡོད་དམ་ཞེས་བཀའ་འདྲི་ཡང་ཡང་གནང་བ་དང་། ཁོང་གིས་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ས་གནས་དེ་གའི་མི་སེར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས། ཁོང་ཚོར་འཕེལ་རྒྱས་ཁྲོད་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས། མངའ་རིས་ཡིག་བསྐུར་ངོ་བཅར་ཅུས་སུ་བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་ས་གནས་ས་ཐོག་ཏུ་ངོ་བཅར་བྱེད་པར་ཡོང་མཁན་ཞིང་པ་ལས་མིའི་གླ་ཕོགས་སྐོར་གྱི་དོན་རྐྱེན་ཞིག་ཐག་གཅོད་བྱེད་པར་ལྟ་སྐུལ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།