[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-24

    ཚེས་21ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། “ས་ངན”ཡུག་ཁུལ་སྤྱི་ཡོངས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་དགོངས་པ་ལག་ལེན་བསྟར་བ་དང་། ཕྱོགས་མིའི་ཞབས་ཞུའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱེད་ཐབས་ཁག་གཅིག་ལ་ཞིབ་འཇུག་བྱས་པ་རེད། ཁོང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་ཞབས་ཞུའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། ཕྱོགས་མིའི་ཞབས་ཞུའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་ཏན་ཏིག་གཏོང་རྒྱུ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དག་ཐེར་དོན་འཁྱོལ་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པ། ཐོན་ཡུལ་དང་འགྲོ་ཡུལ་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། མཉམ་འགོག་མཉམ་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དངོས་ཡོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། འབྲེལ་ཡོད་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་ལུགས་སྒྲིག་སྲོལ་དང་མཐུན་ཞིང་ལུགས་མཐུན་རྒྱུ་མཚན་གྱིས་སྔོན་འགྲོའི་འོག་དཔྱད་གཞིར་འཛིན་ཆོག་པའི་ཁྲིམས་གཞི་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་། ཞིང་འབྲོག་མང་ཚོགས་ཀྱི་དམིགས་བསལ་དཀའ་ངལ་དང་བདེ་རྩར་ཐུག་པའི་ཁེ་ཕན་ལ་བསམ་གཞིག་གང་ལེགས་བྱས་ཏེ། “ཚད་གཞི་མཐོ་པོ་ལས་དམའ་པོ་མི་འཛིན་པའི”རྩ་དོན་མཐའ་འཁྱོངས་ཀྱིས། ཕྱོགས་མིའི་ལས་ཞུགས་དང་། སྡོད་ཁང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་། བུ་ཕྲུག་སློབ་གྲྭར་སྐྱོད་པ་སོགས་ཀྱི་སྤྱི་པའི་ཞབས་ཞུའི་ཐད་ཀྱི་ཁེ་དབང་འགན་ལེན་ཡག་པོ་བྱས་ནས། ཚང་མས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་གང་ལེགས་ཚོར་བ་བྱེད་དགོས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། དེ་བཞིན་སྲིད་གཞུང་གི་སྲིད་ཇུས་བྱེད་ཕྱོགས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པའི་ལས་དོན་ཡག་པོ་བསྒྲུབས་ནས། ཕྱོགས་མིས་སྲིད་ཇུས་གནད་ལ་འཁེལ་པོས་གོ་བ་ལེན་པ་དང་ཁྲིམས་སྲུང་འདུ་ཤེས་དང་། ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས། བདེ་འཇགས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། འབྲེལ་ཡོད་བྱེད་ཐབས་ལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་བརྒྱུད་རིམ་ཁྲོད། ཕྱོགས་མིའི་ཁྱབ་ཁོངས་ལུགས་མཐུན་ངང་གཏན་འཁེལ་དང་། འབྲེལ་གཏུགས་དང་འབྲེལ་མཐུད་ཡག་པོ་བྱས་ཏེ་ཐེམ་ཐོ་དོ་དམ་དང་། ས་ཞིང་སྡོད་ཁང་དང་ཐོན་ཁུངས་དོ་དམ། སྲིད་ཇུས་དོན་འཁྱོལ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་དོན་དངོས་དང་མཐུན་པ་དང་། གཏན་ཚིགས་དམ་ཟབ། བྱེད་ཐབས་ནན་པོ། གོ་རིམ་ཁ་གསལ། སྐད་ཆ་ཚད་ལྡན་བཅས་ཡོང་བ་བྱས་ནས། ལྗོངས་ཡོངས་ཀྱི་ཕྱོགས་མིའི་ཞབས་ཞུའི་དོ་དམ་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་སྲིད་ཇུས་ཀྱི་འགན་ལེན་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།