[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཅང་ཅེས་ལྗོངས་ཡོངས་ཀྱི“གསང་སྤྱོད་གསར་བརྗེའི”རྣམ་གྲངས་འཛུགས་སྐྲུན་དང་བེད་སྤྱོད་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

     ཟླ་10ཚེས་28ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི“གསང་སྤྱོད་གསར་བརྗེའི”རྣམ་གྲངས་འཛུགས་སྐྲུན་དང་བེད་སྤྱོད་སྲུང་སྐྱོང་ལས་དོན་ཐད་ཡང་བསྐྱར་བཀོད་སྒྲིག་གནང་བ་རེད།

    ལྗོངས་ཡོངས་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི“གསང་སྤྱོད་གསར་བརྗེའི”རྣམ་གྲངས་འཛུགས་སྐྲུན་དང་བེད་སྤྱོད་སྲུང་སྐྱོང་སྐོར་གྱི་སྙན་ཞུ་དང་ཚོགས་ཞུགས་ཚན་པ་ཁག་གི་བསམ་འཆར་གསན་རྗེས། ཅང་ཅེས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསང་སྤྱོད་གསར་བརྗེའི”ལས་དོན་གཏིང་ཟབ་སྤེལ་བའི་ཐད་མཛུབ་ཁྲིད་གལ་ཆེན་ཐེངས་མང་གནང་ཡོད། “གསང་སྤྱོད་གསར་བརྗེ”ནི་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་གཏོང་བའི་དངོས་སྒྲུབ་བྱེད་ཐབས་དང་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་མཆན་འགོད་མཛུབ་ཁྲིད་ཐེངས་མང་གནང་ནས། “གཏོགས་ཁོངས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་པའི་ཁར། དོ་དམ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། བསྐྲུན་ཟིན་པའི་གསང་སྤྱོད་ཚང་མ་འགན་འཁྲིའི་ཚན་པར་དོན་འཁྱོལ་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་དང་། ལོ་གཉིས་ལྷག་ཙམ་རིང་། རང་ལྗོངས་ཀྱི་གསང་སྤྱོད་གསར་བརྗེའི་རྣམ་གྲངས་འཛུགས་སྐྲུན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི“གསང་སྤྱོད་གསར་བརྗེའི”རྣམ་གྲངས་1938ལས་1914སྐྲུན་འགོ་ཚུགས་པ་དང་། དེ་དག་ལས་1689བསྐྲུན་ཟིན་པ་རེད།

    ཅང་ཅེས་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཐོག་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། བསམ་བློའི་ངོས་འཛིན་དང་སྒྲིག་སྲོལ་ལམ་སྲོལ་གྱི་ཧེ་བག་དང་ཞན་ཆ་འཚོལ་བ། “གསང་སྤྱོད་གསར་བརྗེའི”ཁྲོད་ཀྱི་དཀའ་གནད་དང་འགག་རྩའི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས། སྲིད་གཞུང་གི་སྤྱི་མོས་ཐོབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམིགས་ཚད་ལས་འགན་བརྟན་པོ་བཟོ་དགོས་ཤིང་། ས་ཁུལ་དང་གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲི་དང་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་དང་གསང་སྤྱོད་བེད་སྤྱོད་སྲུང་སྐྱོང་དང་དོ་དམ་བྱེད་པའི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁུལ་དང་གྲོང་ཁྱེར་གྱིས་ལོ་མཇུག་གོང་གསང་སྤྱོད་ཚང་མ་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། བྱེད་ཐབས་དོན་འཁྱོལ་དང་ཞིབ་ཚགས་སུ་གཏོང་དགོས་ཤིང་། ལྷག་པའི་གནད་དོན་དང་མི་འདང་སར་དམིགས་ནས། དག་ཐེར་བྱེད་ཐབས་ཞིབ་ཚགས་སུ་བཏང་ཐོག་དུས་བཀག་ལྟར་དག་ཐེར་ཡག་པོ་བྱས་ནས། འབྲེལ་ཡོད་འགན་འཁྲི་བདའ་འདེད་གཏོང་དགོས། མ་དངུལ་དོ་དམ་ཡག་པོ་བྱེད་དགོས་ཤིང་། ཕྱོགས་ཁག་གི་ཐོན་ཁུངས་ནུས་པ་སྤྱི་འདོམས་བྱས་ཐོག་གསང་སྤྱོད་བེད་སྤྱོད་སྲུང་སྐྱོང་དང་དོ་དམ་ཆུ་ཚད་མཐོ་རུ་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གཙོ་གནད་ཐོག་བཀོད་སྒྲིག་བྱེད་དགོས། ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་དགོས་ཤིང་། འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་བེད་སྤྱོད་སྲུང་སྐྱོང་དང་དོ་དམ་ཇུས་གཞི་སྔ་ས་ནས་བཟོས་ཏེ། ཕུགས་ཕན་གྱི་གཉེར་སྐྱོང་ལམ་སྲོལ་འཛུགས་དགོས། ལྟ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དཔྱད་ཞིབ་ནུས་པ་ཆེ་རུ་བཏང་ནས་གསང་སྤྱོད་འཛུགས་སྐྲུན་དང་བེད་སྤྱོད་སྲུང་སྐྱོང་དང་། འགན་འཁྲི་དོན་འཁྱོལ། བེད་སྤྱོད་སོགས་ཀྱི་གནས་ཚུལ་ཁོང་དུ་ཡག་པོ་ཆུད་པ། “གསང་སྤྱོད་གསར་བརྗེའི”ལས་འགན་ནན་པོ་སྒྲུབ་པ་བཅས་བྱས་ནས། གསང་སྤྱོད་ཡག་པོ་སྐྲུན་པ་དང་། དོ་དམ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།