[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-31

    གནམ་ཐང་འཛུགས་སྐྲུན་གྱི་ཟླ་རེའི་བཀོད་གཏོང་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཚེས་29ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་མཚམས་གོང་མའི་ལས་ཀའི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་། རྣམ་གྲངས་སྐུལ་འདེད་བརྒྱུད་རིམ་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུའི་ཞིབ་འཇུག་གནང་བ་དང་ཆབས་ཅིག་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། 

    ཚོགས་འདུའི་ཐོག“3+1”གི་གནམ་ཐང་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བ་དེ་རྒྱལ་ཁབ་ཀྱི་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཐད་གཏོགས་ཚན་པ་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་དེ་བཞིན་རོགས་སྐྲུན་བཀོད་འདོམས་པུའུ་བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་དང་། ཐུན་མོང་འབད་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་དང་། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་དང་གྲུབ་འབྲས་ཡག་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་རེད།

    ཚོགས་འདུའི་ཐོག “3+1”གི་གནམ་ཐང་རྣམ་གྲངས་ལོ་འདིའི་ནང་རྣམ་གྲངས་འཛུགས་པ་ནི་དམག་བཀའ་ཁས་ལེན་གྱི་དམ་བཅའ་དང་ལྡོག་མེད་ཀྱི་ལས་འགན་ཞིག་རེད། དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་རུང་། ལས་འགན་ལྕི་པོ་འདི་ལེགས་གྲུབ་བྱས་ནས་ཕྱི་ལོ་བདེ་བླག་ངང་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རང་འགུལ་ངང་འགན་ཁུར་ལས་སྒྲུབ་བྱེད་པ། འབྲེལ་མཐུད་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ། འབྲེལ་ཡོད་ཚན་པ་ཁག་གིས་མཉམ་སྒྲུབ་དམ་ཟབ་དང་གཞོགས་འདེགས་ཧུར་ཐག་བྱེད་པ། སྒྲུབ་སྐུལ་དང་སྐུལ་འདེད་གཏོང་བ། འཆར་གཞི་ཡོད་པའི་སྒོ་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ། “3+1”གི་གནམ་ཐང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་། ཞིབ་ཚགས། ཡག་པོ་བཅས་བྱས་ནས། མཉམ་སྒྲུབ་གཞོགས་འདེགས་ཀྱི་ཞབས་ཞུའི་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་པ་དང་མཆན་འགོད་བཀའ་ལེན་ཐོབ་རྗེས་ཀྱི་གྲ་སྒྲིག་ལས་དོན་ཁག་སྔ་སྣུར་དུ་ཡག་པོ་སྒྲུབ་པ། རིམ་པ་བཞིན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་གྲྭ་སྔ་ཙམ་འགོ་འཛུགས་ཆེད་མཐུན་རྐྱེན་གཏོད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག ཚད་གཞི་ནན་པོ་བཅས་བསྲུངས་ནས་ཁོར་ཡུག་དཔྱད་དཔོག་དང་ཞིབ་མཆན་སོགས་ཀྱི་འབྲེལ་ཡོད་ལས་དོན་མགྱོགས་མྱུར་དང་ཡག་པོ་བསྒྲུབ་རྒྱུར་དམ་འཛིན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གཅིག་གྱུར་དམ་ཟབ་ཡོང་བ་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ་དང་། མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྣམ་གྲངས་སྐུལ་འདེད་གཏོང་རིང་ཐོན་པའི་གནད་དོན་ལ་དམ་འཛིན་དང་། དོ་དམ། ཐག་གཅོད། མཐུན་སྦྱོར། དོན་འཁྱོལ་བཅས་བྱེད་མཁན་ཡོད་པའི་འགན་ལེན་བྱེད་དགོས། བརྟན་ལྷིང་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་ལ་སྐུལ་འདེད་བདེ་བླག་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།