[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    ཚེས་29ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཀྱི་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་གཞིའི་ལས་དོན་སྲོལ་ཡིག》གི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་རང་ལྗོངས་ཀྱི་ལས་ཁུངས་སྒྲིག་གཞིའི་འབྲེལ་ཡོད་ལས་དོན་ཞིབ་འཇུག་གིས་བཀོད་སྒྲིག་ཀྱང་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ་རེད། 

    ཝུའུ་དབྱིང་ཅེས《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་གཞིའི་ལས་དོན་སྲོལ་ཡིག》བཟོས་པ་དང་ལག་ལེན་བསྟར་བ་དེ་ཏང་གིས་ལས་ཁུངས་སྒྲིག་གཞིར་དོ་དམ་བྱེད་པའི་རྩ་དོན་དོན་འཁྱོལ་བྱས་ཏེ། ལས་ཁུངས་སྒྲིག་གཞི་ཁྲིམས་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་། ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། 

    རིམ་ཁག་ཏང་ཨུད་དང་སྒྲིག་གཞི་ཨུ་ལྷན་གྱིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ། 《སྲོལ་ཡིག》བཟོས་པ་དང་ལག་ལེན་བསྟར་བའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། 《སྲོལ་ཡིག》དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་གཤམ་གསལ་སྟེ། 

    གཅིག ཏང་གིས་ལས་ཁུངས་སྒྲིག་གཞིར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དེ་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་ཀྱིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། ཐབས་ཇུས་གཏན་འབེབས། དོན་འཁྱོལ་ལ་འགན་ལེན་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལས་ཁུངས་སྒྲིག་གཞིའི་ལས་དོན་སྤེལ་ཚུལ་ལྟར་དུས་བཀག་བཞིན་ཉན་པ། གནད་དོན་གལ་ཆེན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། 

    གཉིས། བཟང་སྒྲིག་དང་། མཉམ་སྒྲུབ། ནུས་ཆེ་བཅས་མཐའ་འཁྱོངས་བྱས་ཏེ། སྤྱི་འདོམས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་ཤིང་། ལས་ཁུངས་སྒྲིག་གཞིར་དོ་དམ་ཏན་ཏིག་དང་། དོ་དམ་ཡག་པོ། བེད་སྤྱོད་སྟབས་བསྟུན་བཅས་བྱས་ནས། ལས་ཁུངས་སྒྲིག་གཞིའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལས་ཁུངས་སྒྲིག་གཞིའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་བཟང་སྒྲིག་དང་། གཞི་རིམ་ལ་མཐོང་ཆེན་སྟོན་ཕྱོགས་གཏན་འཁེལ། རང་ལྗོངས་ཀྱི་མཐོ་གྲང་དང་མཐའ་མཚམས་ས་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག གཞི་རིམ་ཤང་གྲོང་གི་སྒྲིག་གཞིའི་དགོས་མཁོ་ཤེས་རྟོགས་བཅས་བྱས་ཏེ། རང་ལྗོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཕན་པའི་སྲིད་ཇུས་དང་གྲོས་འགོ་ཞིབ་འཇུག་གིས་འདོན་དགོས། 

    གསུམ། བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་ཁུངས་སྒྲིག་གཞི་དོ་དམ་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་ལས་དོན་གལ་ཆེན་ཁག་དང་རང་རྟོགས་ངང་ཡང་ཡང་བསྡུར་བ་དང་། རྟ་སྒ་ཆ་སྒྲིག་གི་ལམ་ལུགས་ཞིབ་འཇུག་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་ཕྲའི་བྱ་ཐབས་དང་ཐབས་ཤེས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས། ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་བཀོལ་སྤྱོད་རང་བཞིན་དང་དངོས་ཕན་རང་བཞིན་དེ་བས་ཆེན་པོ་ལྡན་པར་བྱེད་དགོས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་ལས་ཁུངས་སྒྲིག་གཞིའི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་སྲུང་སྐྱོང་བྱས་ཏེ། ལས་ཁུངས་སྒྲིག་གཞིའི་དོ་དམ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། 

    བཞི། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། 《སྲོལ་ཡིག》དོན་འཁྱོལ་བྱས་པ་ལས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྒྲིག་གཞི་ཨུ་ལྷན་གྱིས་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ལམ་ལུགས་ཀྱི་དབང་གྲགས་ལ་སྣེ་ཁྲིད་ནས་སྲུང་སྐྱོང་དང་ལས་ཁུངས་སྒྲིག་གཞིའི་ལས་དོན་ཁྲོད་ལྷག་པའི་གནད་དོན་ཆེ་རིགས་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། 《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་རིམ་ཁག་འགོ་ཁྲིད་ཚན་ཁག་གི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། རྒྱ་ཆེའི་ལས་ཁུངས་སྒྲིག་གཞིའི་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ལམ་དང་ལས་དོན་གྱི་སྒྲིག་ཁྲིམས་ནན་གྱིས་བསྲུངས་ཏེ་རང་འགུལ་ངང་འགན་ཁུར་ནས་བྱས་རྗེས་འཇོག་པ་དང་། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།