[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཞིང་གློག་སྒྲིག་གཞི་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོཌ་ཆུང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

     རང་སྐྱོང་ལྗོངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་4ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཞིང་གློག་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཞིང་གློག་སྒྲིག་གཞི་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་རྫོང་རིམ་པའི་གློག་དྲ་ཁེ་ལས་ཀྱི“ཚབ་གཉེར་སྒྲིག་གཞི”ཚང་མ་མེད་པ་བཟོ་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་ཞིབ་འཇུག་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་ཀྲང་ཡུང་ཙེ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་སྙན་སེང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་བསམ་འཆར་ཉན་པ་དང་འབྲེལ། ཞིབ་འཇུག་ནན་ཏན་དང་ལུགས་མཐུན་བསྡུ་ལེན་གྱི་རྨང་གཞིའི་ཐོག་སྔར་བས་བཟོ་བཅོས་འཐུས་ཚང་དང་གོ་རིམ་ལྟར་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ཞིང་གློག་སྒྲིག་གཞི་སྒྱུར་བཅོས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། རང་ལྗོངས་ཀྱི་ཞིང་གློག་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཡོང་བ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་པ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། རྒྱལ་ཁབ་གློག་དྲ་ཀུང་སིའི་གཅིག་གྱུར་བཀོད་སྒྲིག་འོག“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཀྱིས་ལག་བསྟར། རིན་མེད་ཁོངས་སྒྱུར། སྲིད་གཞུང་གི་རྒྱབ་སྐྱོར། ཚོད་ལྟ་སྔོན་བསྟར། སྐུལ་འདེད་བརྟན་པོ”བཅས་ཀྱི་སྒྱུར་བཅོས་བསམ་ཕྱོགས་གཞིར་བཟུང་། རང་ལྗོངས་ཀྱི་ཞིང་གློག་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་འཆར་གཞི་ལྟར་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་འབྲོག་ཁུལ་གྱི་གློག་གཏོང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ཞིང་གློག་སྒྲིག་གཞི་སྒྱུར་བཅོས་ལས་དོན་ཁྱབ་རྒྱ་ཆེ་བ་དང་། དུས་ཚོད་ཛ་དྲག་པ། ལས་འགན་ལྕི་བས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྒྱུ་ནོར་ཐག་གཅོད་དང་།  བདག་དབང་དང་ལག་ཁྱེར་སྒྲུབ་གཉེར། ལས་བཟོ་བཀོད་སྒྲིག རྒྱུ་ནོར་རྩིས་བཤེར་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ཏན་ཏིག་བྱས་ནས་སྒྱུར་བཅོས་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། བྱ་ཐབས་དང་ཐབས་ཤེས་ཞིབ་ཚགས་སུ་གཏོང་བ། དོན་འཁྱོལ་ལ་སྐུལ་འདེད་དང་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རང་ལྗོངས་ཀྱི་ཞིང་གློག་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། སྐུལ་འདེད་གཏོང་བའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་། གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་གློག་གཏོང་ཁེ་ལས་ཀྱི་གསོ་སྦྱོང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་བཟོའི་འདོད་འདུན་རེ་ཞུ་བྱེད་པའི་ཐབས་ལམ་ཤར་བགྲོད་བྱེད་པ། ཕྱོགས་ཁག་གི་བསམ་འཆར་གང་ལེགས་ཉན་པ། དམངས་གཙོའི་གོ་རིམ་ནན་པོ་སྲུང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ལ་བརྟེན་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རྫོང་རིམ་པའི་གློག་གཏོང་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྒྱུར་བཅོས་བྱེད་རིང་ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་གཉེར་སྐྱོང་དང་། སྤྱི་ཚོགས་ཀྱི་གློག་རྒྱུན་གཏན་ལྟར་གཏོང་བ། སྒྱུར་བཅོས་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་འགན་ལེན་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་པ་དང་། ས་གནས་ཀྱི་ཞིང་གློག་སྒྲིག་གཞི་སྒྱུར་བཅོས་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། སྒྱུར་བཅོས་རྗེས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་ཀྱི་སྔོན་ཇུས་དང་བྱ་ཐབས་ནན་ཏན་ངང་ཞིབ་འཇུག་བྱས་ནས་བཟོ་བ་བཅས་བརྒྱུད། སྒྱུར་བཅོས་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།