[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ལིའུ་ཅང་ལྗོངས་ཏང་ཨུད་གཞུང་དོན་ཐིང་སོགས་སྡེ་ཚན་གསུམ་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱེད་པའི་ཚོགས་འདུར་ཕེབས་ནས་ཟུར་ཁྲིད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    ཚེས་5ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་། ལྗོངས་ཐད་གཏོགས་སྒྲིག་གཞིའི་ལས་དོན་ཨུ་ལྷན་བཅས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གི་ཀྲུའུ་རེན། ལྗོངས་ཐད་གཏོགས་སྒྲིག་གཞིའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཅང་གིས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་རེད། ཁོང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མཐའ་སྐྱོང་བོད་བརྟན་ལ་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་དར་རྒྱས་གོང་འཕེལ་གྱི་ལོ་རྒྱུས་ལམ་བུ་དང་ཟུང་འབྲེལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཁྱད་འཕགས་རང་བཞིན་འགྲེལ་བཤད་གསལ་པོ་གནང་བ་རེད།

    ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོཌ་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེར་གཏོང་ཐད་ཤུགས་བརྒྱབ་ནས། ཆབ་སྲིད་བདེ་འཇགས་དང་ལམ་ལུགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྲོག་རྩ་ལྟ་བུའི་འདུ་འགོད་དང་། མཐའ་མཚམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་ལེན་རང་བཞིན་གྱི་འདུ་འགོད། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད། འགལ་བ་དང་ཉེན་ཁ་ཆེ་རིགས་འགོག་ཟོན་དང་མེད་པར་བཟོ་བའི་ཚོད་འཛིན་རང་བཞིན་གྱི་འདུ་འགོད་བཅས་དམ་འཛིན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།