[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ནོར་བུ་དོན་གྲུབ་ཀྱིས་བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

     ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁབ་རུ་ཁག་ཏུ་བརྟག་ཞིབ་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་བོད་ལྗོངས་མེ་གསོད་རོགས་སྐྱོབ་རུ་ཁག་གི་འཛུགས་སྐྲུན་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་བསྩལ་ནས་བསླབ་བྱ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུཌ་ནས། བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་སྒྱུར་བཅོས་དང་ཁོངས་གཏོགས་སྒྱུར་ཚུན་གྱི་རུ་ཁག་གི་འཕེལ་རྒྱས་དང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་མ་ཟད། བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་འཛུགས་སྐྱོང་དང་། དངོས་རྫས་གྲབས་གསོག རྒྱབ་ཕྱོཌ་ཀྱི་འགན་སྲུང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོཌ་གསལ་པོ་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་ནན་བཤད་གནང་དོན། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། བོད་ཀྱི་ཁྱད་ཆོས་དང་མཐུན་པ། བོད་ཀྱི་འཕེལ་རྒྱས་དང་བསྟུན་པ་བཅས་ཀྱི་འཕྲལ་སྒྲུབ་རོགས་སྐྱོབ་དོ་དམ་མ་ལག་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། མེ་ཟོན་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་སྤྱི་ཁོག་སྔོན་ཇུས་དང་རིགས་ཁག་གི་གནོད་འཚེའི་དོན་རྐྱེན་ཐག་གཅོད་ཀྱི་བྱེ་བྲག་སྔོན་ཇུས་བཟོས་ནས་འཐུས་ཚང་དུ་གཏོང་བ། མེ་ཟོན་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ས་མཐོར་འཚམས་པའི་མེ་ཟོན་སྒྲིག་ཆས་དང་མེ་ཟོན་ཐོན་རྫས་གསར་གཏོད་བྱས་ཏེ་མེ་ཟོན་སྒྲིག་ཆས་ས་མཐོར་སྤྱོད་གོ་ཆོད་པའི་རང་བཞིན་ཟམ་མི་ཆད་པར་མངོན་འགྱུར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།