[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་སྒོ་བྱང་དངོས་སུ་བཀལ་བ།

    ནོར་བུ་དོན་གྲུབ་ཀྱིས་གསུང་བཤད་གནང་བ་དང་འཇམ་དཔལ་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-03

    2019ལོའི་ཟླ12ཚེས་31ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་མཛད་སྒོར་ཞུགས་པ། ནོར་བུ་དོན་གྲུབ་དང་འཇམ་དཔལ་གྱིས་བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་ནན་བཤད་གནང་དོན། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་བཀོད་འཐབ་པ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། འཕྲལ་སྡོམ་དོ་དམ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་ལ་དར་ཆ་སྤྲད་ནས་བསླབ་བྱ་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཕུགས་འདུན་དང་དད་སེམས་བརྟན་པོ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཉམས་སད་ཐེག་པའི་ནུས་རྩལ་སྦྱོང་བ། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་སྐབས་གདོང་ལེན་བྱེད་ཐུབ་པ་དང་། རང་སྲོག་བློས་གཏོང་ཕོད་པ། མི་དམངས་ཉེན་ཁ་ལས་སྐྱོབ་ཐུབ་པ། དཀའ་ཚེགས་ཡོད་དུས་མི་དམངས་ལ་རོགས་རམ་བྱེད་པ་བཅས་ཀྱིས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་དང་སྲུང་སྐྱོང་བྱེད་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས།

    རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་། ནགས་ལས་དང་རྩྭ་ཐང་ཅུས། ས་ཡོམ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བྱེད་སྒོར་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།