[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བསྟན་ཁོ།
  • བསྟན་ཁོས་གཞིས་རྩེར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-06

    ཟླ་7ཚེས་29ཉིན་ནས་ཟླ་8ཚེས་1ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དང་། དིང་རི་རྫོང་། གཉའ་ལམ་རྫོང་། སྐྱིད་གྲོང་རྫོང་བཅས་ཀྱི་དགོན་སྡེ་ཆེ་ཁག་དང་རྫོང་འཐབ་ཕྱོགས་གཅིག་གྱུར་པུའི་མི་རིགས་ཆོས་ལུགས་སྡེ་ཚན་དུ་ཕེབས་ནས་གཞི་རིམ་འཐབ་ཕྱོགས་ཀྱི་མི་རིགས་ཆོས་ལུགས་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་ལ་གཟིགས་པ་དང་འཚམས་འདྲི་གནང་ནས“ཚད་གཞི་ཁག་བཞིར་བརྩི་སྲུང་ཞུས་ཏེ་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་དང《ཆོས་ལུགས་ལས་དོན་སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྤྱི་འདོམས་སུ་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    བསྟན་ཁོས་རྫོང་ཁག་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སུ“ཚད་གཞི་ཁག་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་གྱི་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་རྒྱུན་གཏན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་ལག་ལེན་བྱེད་སྒོའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འདོན་སྤེལ་ཡག་པོ་བྱེད་པ་དང་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།