[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བསྟན་ཁོ།
  • ཁུར་པན་དུས་ཆེན་གྱི་འཚམས་འདྲིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-23

    ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་2018ལོའི་ཁུར་པན་དུས་ཆེན་གྱི་འཚམས་འདྲིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མུའུ་སི་ལིན་མང་ཚོགས་ཀྱི་འཐུས་མིར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་མཱ་ཙེ་པི་དང་མཱ་རུའུ་ལུང་བཅས་ཚོགས་འདུར་ཕེབས་པ་རེད།

    བསྟན་ཁོས་རང་ལྗོངས་ཀྱི་དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་ལུགས་ལས་དོན་མི་སྣས་དབྱི་སི་ལམ་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་དང་རང་ས་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློའི་གནོད་འཚེ་ཕོག་རྒྱུ་བཀག་འགོག་ཧུར་ཐག་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་མུའུ་སི་ལིན་མང་ཚོགས་ལ་སྒྲིག་བཀུར་ཁྲིམས་སྲུང་དང་ཡང་དག་པའི་དད་སེམས་དང་སྤྱོད་ལམ་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆབ་སྲིད་ཐད་བློས་འགེལ་ཐུབ་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་དམངས་ཀྱི་ཡིད་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ”བཅས་ཀྱི་བླང་བྱ་གལ་ཆེན་དེ་རང་ཉིད་ཀྱི་རང་གཅུན་ཚད་གཞི་དང་། འབད་འཐབ་དམིགས་ཚད། བསམ་པའི་དོན་གཉེར་བཅས་སུ་བརྩིས་ཏེ་རང་རྟོགས་ངང་སློབ་སྦྱོང་ཐད་སེམས་ལ་གཏིང་ཟབ་ཟུག་པ་དང་། བསམ་བློའི་ཐད་གོ་བ་གཏིང་ཟབ་ལེན་པ། བྱ་སྤྱོད་ཐད་རང་འགུལ་ངང་ལག་ལེན་བསྟར་བ་བཅས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བཞུགས་མོལ་ཚོགས་འདུར་ཞུགས་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཚོས་ངེས་པར་དུ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ནས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།