[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བསྟན་ཁོ།
  • བསྟན་ཁོས་གཞིས་རྩེར་ལྟ་སྐུལ་སློབ་སྟོན་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-20

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་བསམ་གྲུབ་རྩེ་ཆུས་ཀྱི་དགོན་སྡེ་ཁག་གཅིག་ཏུ་ཕེབས་ནས“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་སློབ་སྟོན་དང་བརྟག་ཞིབ་གནང་བ་དང་སྦྲགས། རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་དང་གྲྭ་བཙུན་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    བསྟན་ཁོས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སུ“ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཐོག་གོང་འོག་མཉམ་འགུལ་དང་། མཉམ་ཤུགས་གཅིག་སྒྲིལ། ཚང་མ་ཞུགས་པ་བཅས་བྱས་ནས་གྲྭ་བཙུན་ཚོ་སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་པའི་ཧུར་སེམས་དང་རང་འགུལ་རང་བཞིན་འཕེལ་བར་བྱས་ཏེ། “ཚད་གཞི་བཞི་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཕྱོགས་སུ་སྤེལ་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།