[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བསྟན་ཁོ།
  • བསྟན་ཁོ་དང་། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཀྱིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་རིགས་ཁོངས་ཁག་གི་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-12

    ཚེས་9ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོས《སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་ཀྱིས་རིགས་ཁོངས་ཁག་གི་ཚོགས་ཆུང་ནང་ཕེབས་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་གྲོས་བསྡུར་ནང་ཞུགས་པ་རེད།

    བསྟན་ཁོ་ཆོས་ལུགས་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས། སྲིད་གྲོས་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་ནི་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་གྱི་ཆོས་ལུགས་ལས་རིགས་ཀྱི་མཚོན་བྱེད་མི་སྣ་ཡིན་པས་རང་ཉིད་ལ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་སྤྱོད་དེ་བས་ཏན་ཏིག་བཅས་ཡོད་པ་བྱེད་དགོས། ཆོས་ལུགས་རིགས་ཁོངས་ཀྱི་མི་སྣས་བྱ་སྤྱོད་ངོ་མའི་ཐོག་ནས་ཆབ་སྲིད་ཀྱི་བླང་བྱ་ལག་ལེན་བསྟར་བ་དང་། དུས་རབས་དང་དམ་པོར་བསྟུན་ནས་ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་གཏོང་བ། ཁྲིམས་སྲུང་སྡོམ་སྲུང་གིས་ཆོས་ལུགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མདུང་རྩེ་ཁ་སྤྲོད་ཀྱིས་ལངས་ཕྱོགས་གསལ་སྟོན་དང་བརྟན་དུ་གཏོང་བ་བཅས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྔར་བས་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།

    ཅང་ཅེ་སློབ་གསོ་ལུས་རྩལ་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཚད་ལོན་པའི་འཛུགས་སྐྲུན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ། སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་ལས་རིགས་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཆེ་རུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

    ཧོ་ཝུན་ཧའོ་སྨན་དང་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས། སྙན་སྒྲོན་གཉིས་ལ་ཁས་ལེན་གང་ལེགས་གནང་བ་དང་སྲིད་གྲོས་ཨུ་ཡོན་དང་ལྷག་པར་དུ་སྨན་དང་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་ཨུ་ཡོན་གྱི་དཀའ་སྤྱད་ལས་དོན་དང་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་ཞིང་། ཧོ་ཝུན་ཧའོ་ཡིས་སྲིད་གྲོས་ཨུ་ཡོན་ཚོས་སེམས་ནུས་གཅིག་སྒྲིལ་དང་ཞི་མཐུན་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    པད་མ་དབང་འདུས་ཚན་རྩལ་རིགས་ཁོངས་ཨུ་ཡོན་གྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས། ཚན་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་ཀུན་སྤྱོད་དང་བྱང་ཚད་མཐོ་རུ་བཏང་སྟེ་མི་སྒེར་གྱི་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་ཆ་འཕྲིན་ལག་རྩལ་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་བེད་སྤྱོད་དང་གཞན་སྒྱུར་བྱེད་ཚད་མཐོ་རུ་བཏང་ནས་ཚན་རྩལ་རིགས་ཁོངས་ཨུ་ཡོན་གྱི་ཐབས་འདོན་ཇུས་འདོན་གྱི་ཧུར་བརྩོན་རང་བཞིན་དང་དམིགས་སའི་རང་བཞིན་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆི་གུང་གཞོན་སྡེ་ཚོགས་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་བཅས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“སྲིད་གྲོས་ཤེས་པ་དང་། གྲོས་མོལ་ཐུབ་པ། སྲིད་གླེང་མཁས་པ”བཅས་ཀྱི་བླང་བྱར་གཞིགས་ནས་རང་སོ་སོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།