[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བསྟན་ཁོ།
  • བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    ཚེས་10དང་། ཚེས་12ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དང་ལྷོ་བྲག་རྫོང་དུ་ཕེབས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། མཐའ་མཚམས་ཤང་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་དང་། དགོན་སྡེའི་དགེ་འདུན་པ་དང་བཞུགས་མོལ་སྤེལ་རེས་གནང་ནས་དགོན་སྡེ་དོ་དམ་གྱི་ལས་དོན་དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

    བསྟན་ཁོས་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ལས་བྱེད་པས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ཏེ་དགོན་སྡེའི་གྲྭ་བཙུན་གྱིས་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ནས་བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་གི་རྗེས་སུ་འབྲང་བ། བརྩེ་སེམས་ཐད་སྲོག་ཤིང་དང་ཉེ་བཅར། བྱ་སྤྱོད་ཐད་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྲིད་ཇུས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་རིམ་ཁག་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་གྱིས་སྲིད་ཇུས་སློབ་སྦྱོང་ནན་ཏན་དང་། སྲིད་ཇུས་ཁོང་དུ་ཆུད་པ། སྲིད་ཇུས་ལྟར་ལས་དོན་སྒྲུབ་པ་བཅས་བྱས་ནས་སྲིད་ཇུས་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་འགན་ལེན་བྱེད་དགོས། རང་སྐྱོང་ལྗོངས་ཀྱི“ཁ་སྣོན་མི་ཆོག་པ་གསུམ”གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འདང་ངེས་དང་སྤྱོད་གོ་ཆོད་པ་ཡོད་ན་འགྲིག་པ་དང་དགོན་སྡེའི་གྲྭ་བཙུན་མང་པོ་མེད་ཀྱང་ཧྲག་པོ་དགོས་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཁྲིམས་བཞིན་དོ་དམ་བྱེད་པ་མངོན་གསལ་དོད་དུ་བཏང་སྟེ་གྲྭ་བཙུན་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གོང་བཀུར་དང་བཅའ་ཁྲིམས་ལ་གུས་སྐྲག་གི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་གྱིས་སྤྱི་ཚོགས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རང་འགུལ་ངང་ཞུགས་ཏེ་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འཛད་སྤྱོད་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།