[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>སྐར་མ།
  • ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གནད་སྨིན་དབུལ་སྐྱོར་གྱི་ཆེད་དོན་བརྟག་ཞིབ་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-27

    ཚེས་23ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གནད་སྨིན་དབུལ་སྐྱོར་དབུལ་སྒྲོལ་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་འབྲེལ་ཡོད་སྡེ་ཚན་གྱི་གནས་ཚུལ་སྙན་སེང་གསན་པ་དང་སྦྲགས་ཆེད་དོན་བརྟག་ཞིབ་ཀྱི་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་སྐར་མས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    སྐར་མས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བཀོད་སྒྲིག་རབ་དང་རིམ་བྱས་ཡོད། རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཕན་འབྲས་ཐོན་པའི་ལས་དོན་མང་པོ་བསྒྲུབས་ཡོད་པས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེབས་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་དེ་ལོ་འཁོར་མོའི་ལྟ་སྐུལ་རྣམ་གྲངས་གཙོ་བོར་བརྩིས་ཏེ་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གསུམ་བཙུགས་ནས་ཟླ་6པའི་ཟླ་སྨད་ནས་ཟླ་7པའི་ཟླ་སྨད་བར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱ་རྒྱུ་རེད། བརྟག་ཞིབ་ཚོགས་ཆུང་གི་ཁོངས་མིའི་ཚན་པས་ད་ཐེངས་ཀྱི་ཆེད་དོན་བརྟག་ཞིབ་ཀྱི་དོན་སྙིང་ངོས་འཛིན་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་སྐྱོར་སྲིད་ཇུས་གོ་རིམ་ལྡན་པའི་ངང་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་པ་དང་། བརྟག་ཞིབ་ཀྱི་གཙོ་གནད་ཁོང་དུ་ཆུད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སྤྱོད་ཚུལ་ཡག་པོ་མངོན་པ་བཅས་བྱས་ཏེ་ཆེད་དོན་བརྟག་ཞིབ་ཀྱི་སྔོན་དཔག་གི་དམིགས་ཚད་ལོན་པ་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།