[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཧོ་ཝུན་ཧའོ།
  • ཧོ་ཝུན་ཧའོ་ཡིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོཌ་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-23

    ཚེས་21ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ནས་བློ་མཐུན་མའོ་ཙེ་ཏུང་གིས“ཕུང་ཆའོ་ཡི་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་གཏོང་རྒྱུའི་མཆན་འགོད་མཛུབ་སྟོན་གནང་ནས་ལོ་55འཁོར་བར་དྲན་གསོ་ཞུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་མཛུབ་སྟོན་གནང་ནས་ལོ་15འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུ་དང་དེ་བཞིན་ཉེ་དུས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས“ཕུང་ཆའོ་ཡི་ཉམས་མྱོང”ཞེས་པ་ནི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་གཏོད་བྱས་པའི་སྤྱོད་གོ་ནུས་ལྡན་ཆོད་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཇུས་གཞི་ཆ་ཚང་ཞིག་ཡིན་ཞིང་། ལོ་ངོ་55དང་ལྷག་པར་དུ་ལོ་15རིང་འཕེལ་རྒྱས་བཏང་བ་བརྒྱུད་ཟམ་མི་ཆད་པར་གསར་གཏོད་དང་དར་སྤེལ་ཤུགས་ཆེན་བཏང་བ་ཞིག་རེད་ལ་ད་ཐེངས་ཀྱི་ཚོགས་འདུས་སླར་ཡང་དུས་རབས་ཀྱི་སྙིང་དོན་གསར་པ་བསྣན་ཡོད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འབྲེལ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་ཤུགས་རྒྱག་ས་འཕྱུགས་མེད་ངང་འཚོལ་བ་དང་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་དང་། ནུས་པ་འཛུགས་སྐྱོང་། ཆ་འཕྲིན་ཅན་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཁྲིམས་ལས་ཁུངས་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་མང་ཚོགས་ཀྱི་ལས་དོན་སྒྲུབ་ནུས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དེ་དག་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཁེ་ཕན་ཐོབ་མཁན་ཆེ་ཤོས་དང་། ཞུགས་པ་པོ་རྒྱ་ཆེ་ཤོས། མཐའ་མའི་ཤན་འབྱེད་པ་བཅས་སུ་གྱུར་བ་བྱས་ཐོག་བོད་ལྗོངས་རྣམ་པའི“ཕུང་ཆའོ་ཡི་ཉམས་མྱོང”གསར་གཏོད་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱས་ཏེ་ཞབས་ཞུའི་འདུ་ཤེས་འཆང་བ་དང་ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་གསལ་པོ་བཟོས་ཏེ་འདྲ་མཉམ་སྲུང་སྐྱོང་དང་བདེ་འཇགས་ལྡན་ལ་དྲང་གཞག་གི་འགྲན་རྩོད་ཁོར་ཡུག་བསྐྲུན་དགོས་པ་དང་། སྲིད་ཁྲིམས་དཔུང་ཁག་གི་ཆེད་དོན་སློབ་གསོའི་དག་ཐེར་བྱེད་སྒོར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་སྒྲིག་ཁྲིམས་དམ་དྲང་དང་དྲང་ཕྱོགས་ནས་སྐུལ་འདེད་གཏོང་རྒྱུ་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་ཀྱིས་སྲིད་ཁྲིམས་ལས་ཁུངས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པ། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་དང་རྣམ་གྲངས་འགངས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རུལ་སུངས་གནད་དོན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པ། “ཆེད་དོན་འཐབ་རྩོད་གསུམ”ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དེང་སྐབས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ཐོག་ལོ་འཁོར་མོའི་བརྟན་ལྷིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་པ། ལོ་འཁོར་གྱི་ཕྱོགས་བསྡོམས་ཡག་པོ་བྱས་ཏེ་ཕྱི་ལོའི་སྲིད་ཁྲིམས་ལས་དོན་སྔ་སྣུར་ནས་འཆར་འགོད་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།