[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཧོ་ཝུན་ཧའོ།
  • ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-10

    ཚེས་7ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་ཉེ་དུས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་དང་དེ་བཞིན་འགྲོ་ལམ་གྱི་འགྲིམ་འགྲུལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གྱི་གནས་ཚུལ་གྱི་སྙན་སེང་གསན་པ་དང་སྦྲགས་གོམ་སྟབས་རྗེས་མའི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་སླར་ཡང་བཀོད་སྒྲིག་གནང་བ་རེད།

    སྙན་སེང་གསན་རྗེས་ཧོ་ཝུན་ཧའོ་ཡིས་ཉེ་དུས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་། འགྲོ་ལམ་འགྲིམ་འགྲུལ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལོ་མཇུག་ཏུ་སླེབས་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་འདི་ལོའི་ལས་དོན་ཕྱོགས་སྡོམ་གྱི་དཔྱད་བསྡུར་ཡག་པོ་བྱེད་དགོས་ལ། སང་ལོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་རྒྱུའི་འཆར་གཞི་གང་ལེགས་བཀོད་དེ་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་ཚགས་ཚུད་དང་། སྔར་བས་ལེགས་པ། སྔར་བས་ཏན་ཏིག་བཅས་བསྒྲུབས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བློ་ཡིད་ཚིམ་པའི་ལན་ཞིག་རྒྱག་དགོས་ཞེས་གསུངས།

    ཁོང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་ནན་པོར་གཞིགས་ནས། བརྟན་ལྷིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས། བསམ་བློ་ལྷོད་གཡེང་མི་གཏོང་བ་དང་། སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆུང་དུ་མི་གཏོང་བ། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བདེ་འཇགས་དང་། བརྟན་ལྷིང་། རིམ་པ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཚོགས་ཁྱོན་ཡོངས་སྔོན་འགོག་ཚོད་འཛིན་ནན་པོ་བྱེད་པར། གྲོང་ཁྱེར་དང་ས་ཁུལ་ཁག་གིས་སོ་སོའི་གཏོགས་ཁོངས་དང་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ཐོག་བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ་དང་དེ་བཞིན་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་སྟོབས་ཤུགས་བཀོད་སྒྲིག་འོས་འཚམ་བྱས་ཏེ། ལས་རེས་ལས་སྒྲུབ་དང་། བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་དོན་ཁག་ནན་ཏན་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སྒྲུབ་དགོས། གསང་འཕྲིན་ལས་དོན་དང་དྲ་རྒྱའི་གླེང་ཕྱོགས་ཀྱི་དོ་དམ་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རང་འགུལ་དབང་ཆ་དང་། གཙོ་ཁྲིད་དབང་ཆ། དོ་དམ་ཚོད་འཛིན་བྱེད་དབང་བཅས་ལ་སྟངས་འཛིན་བྱས་ནས། སྔོན་བརྡ་གཏོང་བ་དང་། སྔོན་དཔག་བྱེད་པ། སྔོན་འགོག་བྱེད་པ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། མངོན་གསལ་དོད་པའི་འགལ་ཟླ་གྲལ་བཤེར་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བར་ཤུགས་སྣོན་བརྒྱབ་པའི་ཁར“འགྱངས་ཆད་གཉིས”ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། འབྱུང་རྩ་ནས་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་དང་འགལ་རྩོད་འདུམ་སྒྲིག་བྱེད་དགོས། སྤྱི་པའི་བདེ་འཇགས་གནད་དོན་དང་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཐོག་གྲལ་བཤེར་བྱེད་ཤུགས་ཆེ་རུ་དང་སྤྱི་པའི་བདེ་འཇགས་དང་འགྲོ་ལམ་འགྲིམ་འགྲུལ་གྱི་དོ་དམ་བྱེད་ཐབས་ཤུགས་ཆེར་བཏང་ནས། འགྲོ་ལམ་འགྲིམ་འགྲུལ་ཤར་གཏོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཏེ། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།