[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཧོ་ཝུན་ཧའོ།
  • ཧོ་ཝུན་ཧའོ་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཞིབ་བཤེར་དཔྱད་གདེང་སྙན་ཞུའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-12

    ཚེས་10ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ཝུན་ཧའོ་ཡིས་2018ལོའི་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཞིབ་བཤེར་དཔྱད་གདེང་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཞིབ་བཤེར་དཔྱད་གདེང་ཚོགས་ཆུང་ཁག་གི་གནས་ཚུལ་སྙན་ཞུ་གསན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    སྙན་ཞུ་གསན་རྗེས་ཧོ་ཝུན་ཧའོ་ཡིས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་དངོས་ཐོག་བདེན་འཚོལ་དང་ཕྱོགས་ཡོངས་དང་དངོས་ཡོད་དྲང་གཞག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དཔྱད་གདེང་སྐར་གྲངས་ཞིབ་བཤེར་དང་། ཕྱོགས་བསྡོམས། དཔྱད་གདེང་བཅས་ཀྱི་ལས་དོན་ཕྱོགས་སྡོམ་ཡག་པོ་དང་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པའི་དཔྱད་འདེམས་ལས་དོན་ཡག་པོ་སྤེལ་ནས་ནོར་འཁྲུལ་དང་སྐྱོན་ཆ་མི་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། ཞིབ་བཤེར་ནན་པོ་དང་ཞིབ་ཚགས་བྱས་ཏེ་ལྗོངས་རིམ་པའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”དཔྱད་འདེམས་གཟེངས་བསྟོད་ལས་དོན་ཡག་པོ་སྤེལ་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པར་ནན་པོར་གཞིགས་ནས་དཔྱད་འདེམས་འབྲས་བུས་ཉམས་སད་ཐེག་པའི་འགན་ལེན་བྱེད་དགོས་པ། ཟམ་མི་ཆད་པར་གསར་འབྱེད་གསར་གཏོད་བྱས་ཏེ་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་དགོས་པ། ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་གདེང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་རྒྱའི་བར་མཐོངས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།