[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཧོ་ཝུན་ཧའོ།
  • ཧོ་ཝུན་ཧའོ་ཡིས་བཙོན་ཁང་དང་དུག་གཅོད་འཐབ་ས་དང་པོའི་ཉེན་རྟོག་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-16

    ཚེས་13ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་བོད་ལྗོངས་སྟོད་ལུང་བཙན་ཐབས་དུག་གཅོད་སུའོ་དང་། ལྷ་ས་བཙོན་ཁང་། ལྗོངས་ཁྲིམས་འཛིན་ཐིང་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ཏེ་བཙོན་ཁང་དང་དུག་གཅོད་འཐབ་ས་དང་པོའི་ཉེན་རྟོག་པ་དང་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་རྫོང་རིམ་པའི་བཙོན་ཁང་དང་བརྙན་ལམ་སྦྲེལ་མཐུད་བྱས་ཏེ་ཡང་འབད་བསྐྱར་འབད་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཚན་པ་ཞིག་ཏུ་ཕེབས་རིམ་བཞིན་ཧོ་ཝུན་ཧའོ་ཡིས་ཉེན་རྟོག་པ་དང་ལས་བྱེད་པ་རེ་རེ་བཞིན་ལ་ཕྱག་བཏང་བ་དང་ཁ་བཏགས་གཡོག་པ་དང་འབྲེལ་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་བཙོན་ཁང་དང་དུག་གཅོད་འཐབ་ས་དང་པོའི་ཉེན་རྟོག་ལས་བྱེད་པས་ཡུན་རིང་ཁྱིམ་ཚང་ཆུང་ངུ་དོར་ནས་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་ཏང་དང་སྲིད་གཞུང་གིས་དཀྲིས་པའི་འགན་འཁྲི་དང་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་གྲུབ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ལ་བློས་གཏོང་དང་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།