[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཧོ་ཝུན་ཧའོ།
  • ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་ཡིག་བསྐུར་ངོ་བཅར་ཅུས་སུ་ཞིབ་བཤེར་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-10

    ཚེས་8ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་ཡིག་བསྐུར་ངོ་བཅར་ཅུས་སུ་ཕེབས་ནས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་པར་གཟིགས་ནས་འཚམས་འདྲི་གནང་བ་དང་། ཡིག་བསྐུར་ངོ་བཅར་གྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ནི་ཏང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་ཡིན་པ་དང་། སྤྱི་ཚོགས་ཞི་མཐུན་གྱི་གནས་ཚུལ་ཤེས་ཚོར་བྱེད་ས་ཞིག་ཀྱང་ཡིན་པས། ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་བསྐུར་ངོ་བཅར་གྱི་ལས་བྱེད་པས་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉིན་རེའི་གྲལ་བཤེར་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྒྲིག་ཁྲིམས་དམ་དུ་གཏོང་བ། དུས་ཐོག་ཏུ་འགལ་ཟླ་དང་ཉེན་ཁ་སེལ་བ་བཅས་བྱས་ནས། མིག་སྔའི་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།