[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཧོ་ཝུན་ཧའོ།
  • བོད་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བསུ་བའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལེགས་པར་སྒྲུབ་ཆེད། ཚེས་13ཉིན། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོཌ་ཆུང་གི་ཚོགས་འདུ་འཚོཌ་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་ཚུགས་གནས་མཐོ་རུ་བཏང་ནས་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཞིབ་བཤེར་་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ནན་ལ་ཞིབ་ཚགས་དང་ཏན་ཏིག་གི་སྒོ་ནས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་གཞོགས་འདེགས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། འགན་འཁྲི་ཁ་གསལ་བཟོ་བ་དང་གཙོ་གནད་དང་དཀའ་གནད་སྟངས་འཛིན་བྱས་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཁ་ཕྱོགས་སྟངས་འཛིན་དང་། ཞིབ་བཤེར་བསུ་རྒྱུར་དམིགས་ནས་བཀྲག་མདངས་འཚེར་སར་དམ་འཛིན། ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་བ་དང་། “རྒྱབ་རྟེན་མེད་པ་བཟོ་བ”འགན་འཁྲི་ཡག་པོ་འཁུར་བ། ཁུངས་སྣེར་གྲལ་བཤེར་། གྱོད་དོན་ཉུལ་ཞིབ་སྒྲུབ་གཉེར། བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། “རྡུང་། འགོག འདོམས། འཛུགས”བཅས་ཀྱི་ལས་དོན་ལ་གཞིགས་པ། རྡུང་རྡེག་གཏོང་ཞོར་དུ་བཅོས་སྒྲིག་དང་འཛུགས་སྐྱོང་བྱེད་པ། རྡུང་རྡེག་གཙོ་བོ་ནས་རྡུང་རྡེག་དང་བཅོས་སྒྲིག་གལ་ཆེ་མཉམ་དུ་འཛིན་རྒྱུར་སྒྱུར་བ། ནགས་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཚོགས་པ་དང་། ཁྲིམས་འགལ་རྩ་འཛུགས། མགོ་གཉིས་མ་བདེ་འཇགས་ཟང་ཟིང་སོགས་ལ་རྡུང་རྡེག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།