[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཧོ་ཝུན་ཧའོ།
  • ཧོ་ཝུན་ཧའོ་བོད་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོཌ་བསྡུས་བཅོས་སྐྱོང)ལས་དོན་ཞིབ་བཤེར་དཔྱད་བསྡུར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-22

    ཚེས་19ཉིན་གྱི་ཕྱི་དྲོ། 2019ལོའི་ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང)ལས་དོན་ཞིབ་བཤེར་དཔྱད་བསྡུར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་དང་། ལས་འགན་གཙོ་བོ་ནི་2019ལོའི་ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང)ལས་དོན་དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོ ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བཅས་ཀྱི་ཞིབ་བཤེར་དཔྱད་བསྡུར་ལས་དོན་ལ་སྐུལ་སློང་བཀོད་སྒྲིག་བྱ་རྒྱུ་དེ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས། ཞིབ་བཤེར་དཔྱད་བསྡུར་ཚོགས་ཆུང་གིས་བསམ་བློ་གཅིག་གྱུར་བྱས་ནས་ཞིབ་བཤེར་དཔྱད་བསྡུར་གྱི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང)ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཀྱི་ཚུགས་གནས་ལ་ཤུགས་སྣོན་རྒྱག་པ་དང་དཔྱད་བསྡུར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ལས་དོན་དེར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལ་བརྩི་སྲུང་ནན་པོ་ཞུས་ཏེ་དཔྱད་བསྡུར་གྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་དཔྱད་ཞིབ་ཀྱི་བརྒྱུད་རིམ་དེ་ས་ཁུལ་ཁག་གི་ཉམས་མྱོང་ཕྱོགས་སྡོམ་དང་ཕྱི་ལོའི་ལས་ཀ་ཇུས་འགོད་བྱེད་པའི་འགོ་འཛུགས་སར་བྱས་ཐོག་རང་ལྗོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།