[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-17

    ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། གཅིག་ནས་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་ལ་དམིགས་ཏེ་སློབ་བསམ་སྤྱོད་གསུམ་ཁོང་དུ་ཆུད་པ་དང་ཤེས་བྱ་དང་། ཡིད་ཆེས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཀྱི་ཕྱོགས་དང་། སེམས་ལ་ཟུག་པ། དོན་དངོས་ཐོག་ལག་བསྟར་བཅས་བྱས་ཏེ“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་།

    གཉིས་ནས་གཞི་རིམ་ལ་དམ་འཛིན་བྱེད་པའི་ཕྱོགས་སྟོན་གསལ་པོ་ཤུགས་ཆེར་བཏང་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཐད་ཀྱི་དཀའ་གནད་གསལ་པོ་དབྱེ་བ་དང་དབྱེ་ཞིབ་ཟབ་མོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ་དང་ཁ་ཚ་དགོས་གཏུགས་ཆེ་ཤོས་ཀྱི་རེ་འདོད་ཕྱོགས་ཡོངས་དང་ཡང་དག་ངང་ཁོང་དུ་ཆུད་པར་བྱས་ནས་འགལ་ཟླ་སེལ་བ་དང་དཀའ་གནད་ཐག་གཅོད་བྱེད་པའི་ཐབས་ཇུས་དངོས་ཏན་ཏིག་འདོན་དགོས་པ།

    གསུམ་ནས་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ“སྒྱུར་བཅོས”ཞེས་པའི་ཡིག་འབྲུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་སློབ་སྦྱོང་བྱེད་ཀྱིན་ཞིབ་བཤེར་དང་དག་ཐེར་བྱེད་པ་དང་། འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་དག་ཐེར། ཤེས་འཕྲལ་དག་ཐེར་བཅས་མཐའ་འཁྱོངས་བྱས་ཏེ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཆབ་སྲིད་ཀྱི་སྤོབས་པ་བཅངས་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས་པ།

    བཞི་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་འཛུགས་ཀྱི་འགན་ལེན་ཏན་ཏིག་ངང་ཆེ་རུ་བཏང་སྟེ་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག་ཏང་ཙུའི་ཁོངས་མིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། མཛུབ་ཁྲིད་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ། རྗེས་སྙེག་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཅིག་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གོ་རིམ་ལྡན་པ་དང་། ནུས་ལྡན། གོ་ཆོད་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།