[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

    བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-04

    ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱངས་བྱས་པ་དང་། གྲ་སྒྲིག་ཚོགས་ཆུང་གི་གྲུབ་ཆའི་མི་སྣའི་མིང་ཐོར་ཞིབ་འཇུག་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་ཆུང་དང་ལས་དོན་སྒྲིག་གཞི་དངོས་སུ་བཙུགས་པ་མ་ཟད། འབྲེལ་ཡོད་དོན་གནད་ལ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་སྒྲུབ་འགོ་ཡང་བརྩམས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་དང་། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅིས་གོ་ཀང་། ཝང་ཅུན་བཅས་ཞུགས་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས། ད་ཐེངས་ཀྱི་ཚོགས་འདུ་གྲ་སྒྲིག་གང་ལེགས་བྱ་རྒྱུ་ནི“སྲུང་སྐྱོང་གཉིས”ཐུབ་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དོན་འཁྱོལ་བྱེད་པའི་ཞིབ་དཔྱད་ཐེངས་ཤིག་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པའི་ཞིབ་དཔྱད་ཐེངས་ཤིག རང་འཁྲིའི་ལས་དོན་ཏན་ཏན་ཏིག་ཏིག་ངང་སྒྲུབ་པའི་ཞིབ་དཔྱད་ཐེངས་ཤིག་བཅས་ཡིན། ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་ཆུང་དང་ལས་དོན་མི་སྣ་ཡོངས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་བསམ་བློའི་ངོས་འཛིན་གནད་ལ་འཁེལ་བར་བྱེད་དགོས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ། ལས་ཀའི་ལས་འགན་ཡོངས་ལ་དམ་པོར་གཞིགས་ནས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གནད་ལ་འཁེལ་བར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས། གྲ་སྒྲིག་ཚོགས་ཆུང་གི་ལས་དོན་སྒྲིག་གཞི་ཁག་གིས་རང་ཚོགས་ཆུང་གི་ལས་དོན་མི་སྣ་ཡོངས་བསྐོངས་ནས་ཞིབ་ཕྲའི་ལས་བགོས་རྒྱག་པ་དང་། ལས་འགན་གྱི་གསལ་ཐོ་བཟོ་བ། དུས་ཚོད་རེའུ་མིག་སྒྲིག་པ། འགན་འཁྲི་གསལ་བཟོ་བཅས་བྱས་ཏེ། ཁོང་དུ་ཆུད་པ་དང་གདེང་ཚོད་ཡོད་པར་བྱེད་དགོས་ཤིང་། གཅིག་ནི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས། གྲ་སྒྲིག་ལས་དོན་ཚོགས་ཆུང་གི་འགན་འཁུར་བས་འཐབ་ཕྱོགས་དང་པོར་དངོས་སུ་བསྐྱོད་ནས་བཀོད་འདོམས་བྱེད་པ་དང་། ལས་ཀའི་ཇུས་གཞི་ཞིབ་ཕྲ་ཞིབ་འཇུག་བྱས་ནས་བཟོ་བ། ལས་ཀའི་འཕེལ་རིམ་གྱི་འཆར་གཞི་བཟོ་བ་བཅས་བྱས་ཏེ“ལས་འགན་དང་། མི་སྣ། དུས་ཚོད། འགན་འཁྲི”བཅས་བཞི་དོན་འཁྱོལ་ཐུབ་པར་བྱས་ནས། ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་ཡོང་བར་བྱེད་པ་དང་དམིགས་སར་དོན་འཁྱོལ་གྱིས་དུས་ཐོག་ཏུ་སྒྲུབ་དགོས་པ་དང་། གཉིས་ནི་གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་ཤུགས་ཆགས་པར་བྱེད་དགོས། ལས་བགོས་དང་གཞོགས་འདེགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྒྲིག་ལམ་ནན་པོ་དང་གོ་རིམ་ཚད་ལྡན་དུ་བཏང་སྟེ་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་གཟབ་ནན་ཞིབ་ཚགས་བྱས་ནས་སྤུས་ཚད་འགན་ལེན་བྱེད་དགོས། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་གཟབ་ནན་ཞིབ་ཚགས་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་གྲ་སྒྲིག་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་པོ་ཡོང་བའི་འགན་ལེན་བྱེད་དགོས། འགན་འཁྲི་འཁུར་སེམས་ཆེན་པོ་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ། ཚད་མཐོའི་འགན་འཁུར་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས། འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་ཡིག་ནན་ཏན་ངང་གྲ་སྒྲིག་གང་ལེགས་བྱས་ཏེ་བདེ་འཇགས་དང་བདེ་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ཚོགས་ཆེན་གྱི་དྲིལ་བསྒྲགས་གནས་ཚུལ་གཏོང་སྤེལ་གང་ལེགས་བྱེད་པ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཚོགས་སྲོལ་ཚོགས་སྒྲིག་ལ་དམ་འཛིན་བྱེད་པ། ཚོགས་འདུར་ཞུགས་ཚད་འགན་ལེན་བྱེད་པ། འགོ་འཛུགས་ས་མཐོ་པོས་འཆར་འགོད་བྱེད་པ། ཚད་གཞིའི་མཐོ་པོས་བླང་བྱ་འདོན་པ། སྤུས་ཚད་མཐོ་པོས་དོན་འཁྱོལ་བྱེད་པ། ཞིབ་ཕྲར་དམ་འཛིན་དང་ཡོངས་བཤེར་ཆད་གསབ་ལ་སྣང་ཆེན་བྱེད་པ་བཅས་བྱས་ཏེ། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚད་ལྡན་གོ་རིམ་ཡོད་ལ་ཏན་ཏིག་ཞིབ་ཚགས་ཡོང་བར་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོག་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།