[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་འཕེལ་རྒྱས་དང་སྒྱུར་བཅོས་འཆར་འགོད་ཀྱི་རྩ་གནད་གསལ་འགྲེལ།

    ​ རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་འགོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

    རྒྱལ་ཁབ་ཀྱི་རྩ་ཆེའི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་དགོས་པ་སྟེ།རྒྱལ་ཁབ་ཀྱི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་དངོས་གལ་ཆེན་སྲུང་སྐྱོང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས།

    གཙོ་གནད་རིག་དངོས་སྲུང་སྐྱོང་བྱེད་དགོས་པ་སྟེ། ལྕགས་རི་རིང་པོ་དང་། རྗེས་ཤུལ་ཆེན་པོ། འཛམ་གླིང་གི་རིག་གནས་ཤུལ་བཞག རིག་དངོས་སྲུང་སྐྱོང་ཚན་པ་སོགས་རིག་དངོས་གལ་ཆེན་སྲུང་སྐྱོང་ཉམས་གསོ་དང་། ཆུ་འོག་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ལ་དབང་བའི་སྤོ་རུང་བའི་རིག་དངོས་མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱེད་དགོས།

    གནའ་རྫས་རྟོག་ཞིབ་དང་རྗེས་ཤུལ་ཆེན་པོ་སྲུང་སྐྱོང་བྱེད་དགོས་པ་སྟེ།གནའ་བོའི་རྗེས་ཤུལ་ལ་གཙོ་གནད་ཡོད་པའི་སྒོ་ནས་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་ལེགས་སྒྲིག་དང་སྲུང་སྐྱོང་ནུས་ལྡན་རབ་དང་རིམ་པ་བྱས་ནས་ཆེད་དམིགས་ཞིབ་འཇུག་གལ་ཆེན་གཏིང་ཟབ་བྱེད་དགོས། ཤུལ་བཞག་གལ་ཆེན་སྲུང་སྐྱོང་གི་རྣམ་གྲངས་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་མཚོ་ཁོངས་ཀྱི་ཆེད་དོན་བརྟག་དཔྱད་དང་ཆུ་འོག་གི་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་སྲུང་སྐྱོང་གི་རྣམ་གྲངས་ལག་ལེན་བསྟར་ནས་ཆུ་འོག་གི་རིག་དངོས་སྲུང་སྐྱོང་ཁུལ་ཁག་གཅིག་དབྱེ་མཚམས་གཅོད་དགོས།

    ལྷོ་མཚོའི་ཆུ་འོག་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་དགོས་པ་སྟེ། ཆུ་འོག་གི་གནའ་རྫས་རྟོག་ཞིབ་ལྟེ་གནས་ཡིན་པའི་ལྷོ་མཚོའི་རྟེན་གཞི་སྐྲུན་ནས་ལྷོ་མཚོའི་ཆུ་འོག་རིག་གནས་ཤུལ་བཞག་གི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་དང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་དགོས།

    སྲོལ་རྒྱུན་གྱི་གྲོང་སྡེ་སྲུང་སྐྱོང་བེད་སྤྱོད་བྱེད་དགོས་པ་སྟེ། སྤྱིའི་འཆར་འགོད་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡུག་གཅིག་ཏུ་སྦྲེལ་བའི་སྲོལ་རྒྱུན་གྲོང་སྡེར་ཁྱོན་ཡོངས་ནས་སྲུང་སྐྱོང་བེད་སྤྱོད་བྱེད་དགོས།

    རིག་དངོས་ཀྱི་གྲངས་གཞིའི་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས་པ་སྟེ། རིག་དངོས་གསོག་ཉར་དངོས་རྫས་གྲངས་གཞི་ཅན་གྱི་ཉར་ཚགས་བྱེད་མགྱོགས་སུ་བཏང་ནས་གྲངས་གཞིའི་ཕོ་བྲང་རྙིང་མ་དང་། གྲངས་གཞིའི་ཏུན་ཧོང་། གྲངས་གཞིའི་དར་གོས་ལམ་བུ་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་གྲངས་གཞིའི་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

    མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས་པ་སྟེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་ཡིན་པའི་རྒྱུན་འཛིན་པར་མྱུར་སྐྱོབ་རང་གཞིན་གྱི་ཐོ་འགོད་བྱས་ནས་རྒྱུན་འཛིན་བྱེད་མཁན་ཚོགས་པར་ཞིབ་འཇུག་ཟབ་སྦྱོང་དང་ཞིབ་འཇུག་སློབ་སྦྱོང་གི་གསོ་སྦྱོང་འཆར་གཞི་ལག་ལེན་བསྟར་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།