[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ས་ཁང་བདག་ཁོངས་སྲིད་ཇུས་ལས་བརྡ་རྟགས་གསར་པ་གང་ཞིག་མངོན་ཡོད་དམ།

    —— སྡོད་ཁང་ཁྲོམ་རའི་མ་ལག་དང་འགན་ལེན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་ཁྲིམས་འཛུགས་བཅའ་ཁྲིམས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-18

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་དེ་བས་ཡག་པ་བྱས་ཏེ་གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་སྡོད་ཁང་ཁྲོམ་རའི་མ་ལག་དང་འགན་ལེན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་ཁྲིམས་འཛུགས་བཅའ་ཁྲིམས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཡུན་གྱིས་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་དགོས་མཁོ་འགན་ལེན་བྱས་ཏེ་གྲོང་མིར་སྡོད་སའི་ཁང་པ་ཡོད་པའི་འགན་ལེན་བྱེད་དགོས། ཉེ་བའི་ལོ་ཤས་རིང་། ས་ཁང་བདག་ཁོངས་སྙོམས་སྒྲིག་ཚོད་འཛིན་ཐད་ལས་དོན་སྤེལ་ཤུགས་རྒྱུན་འཁྱོངས་ཅུང་ཡག་པོ་ཐུབ་ནས་ཁྲོམ་རའི་སྔོན་དཔག་བརྟན་པོ་བྱུང་ཡོད། ས་གནས་སྲིད་གཞུང་གིས་ས་ཁང་བདག་ཁོངས་སྙོམས་སྒྲིག་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་ཁུར་ཏེ་གནད་སྨིན་ཇུས་འདོན་དང་། “ཁང་པ་ནི་ཁེ་སྤོགས་ཟ་ཆེད་མིན་པ”དོན་འཁྱོལ་ཐུབ་པ་བྱས་ནས་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།