[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་རྫོང(ཆུས)”སོགས་གཞི་རིམ་གྱི་དུས་བདེ་གཏོད་པའི་ཚན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-06

    (2017ལོའི་ཟླ་12ཚེས་31ཉིན)

    2015ལོ་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བཅས་བྱས་པས། དུས་བདེའི་བོད་ལྗོངས་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། གཞི་རིམ་གྱི་དུས་བདེ་གཏོད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གསར་གཏོད་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། འགུལ་རྣམ་དོ་དམ་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིང་གི་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཐུབ་པ། བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་པ། རྒྱུན་མཐུད་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་སྐྱོད་པའི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་སོང་བ། ལྗོངས་ཡོངས་ཀྱི“མེད་པ་གསུམ”དང“གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ཐོན་པ”“བརྟན་ལྷིང་གསུམ”བཅས་ཀྱི་དམིགས་ཚད་འགན་ལེན་བྱུང་བ་མ་ཟད། “དུས་བདེའི་རྫོང(ཆུས)”དང་། “དུས་བདེའི་ཚན་པ”“དུས་བདེའི་མཛེས་ལྗོངས་ཁུལ” “དུས་བདེའི་སྨན་ཁང” “དུས་བདེའི་སློབ་གྲྭ” “རྫོང་ཁོངས་ཀྱི་དུས་བདེའི་མཐའ་མཚམས”“དུས་བདེའི་ཁྱིམ་ཚང”བཅས་འབོར་ཆེན་ཞིག་ཐོན་ཡོད།

    སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་བཏོད་དེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་སྔར་བས་སྐུལ་མ་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སོགས་རྫོང་6ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་རྫོང(ཆུས)”གི་གཟི་བརྗིད་མཚན་སྙན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་སོགས་ཚན་པ་12ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་ཚན་པའི”གཟི་བརྗིད་མཚན་སྙན། ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་མི་རིགས་ཡུལ་སྲོལ་གོམས་གཤིས་གླིང་སོགས་མཛེས་ལྗོངས་ཁུལ་6ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་མཛེས་ལྗོངས་ཁུལ”གྱི་གཟི་བརྗིད་མཚན་སྙན། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་དམངས་སྨན་ཁང་སོགས་སྨན་ཁང་7ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་སྨན་ཁང”གི་གཟི་བརྗིད་མཚན་སྙན། བོད་ལྗོངས་སློབ་ཆེན་སོགས་སློབ་གྲྭ་8ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་སློབ་གྲྭའི”གཟི་བརྗིད་མཚན་སྙན། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སོགས་རྫོང་8ལ་རང་སྐྱོང་ལྗོངས་རིམ་པའི“རྫོང་ཁོངས་ཀྱི་དུས་བདེའི་མཐའ་མཚམས”ཀྱི་གཟི་བརྗིད་མཚན་སྙན། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ཁྲེན་ཨན་ཡོན་སོགས་ཁྱིམ་ཚང་29ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་ཁྱིམ་ཚང”གི་གཟི་བརྗིད་མཚན་སྙན་བཅས་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་རྫོང(ཆུས)དང་། ཚན་པ། ཁྱིམ་ཚང་བཅས་ཀྱིས་གཟི་བརྗིད་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་མེད་པ། ཚད་ཤིང་ཡག་པོ་བྱེད་པ། མིག་དཔེ་ཡག་པོ་སྟོན་པ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱེད་པར་སླར་ཡང་གྲུབ་འབྲས་ཡག་ཤོས་གཏོད་པ་དང་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། ཁེ་ལས་བྱ་གཞག་ཚན་པ། མི་དམངས་ཚོགས་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་བཅས་ལ་སྔོན་ཐོན་མིག་དཔེར་བཟུང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ། “འདུ་ཤེས་བཞི”བརྟན་པོར་འཛུགས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་བཞིན་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་ཀའི་རྩ་དོན་གྱི་རང་བཞིན་དང་། བརྒྱུད་རིམ་གྱི་རང་བཞིན། མ་འོངས་སྔོན་མཐོང་གི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་བ། ཆེད་དོན་བཅོས་སྐྱོང་དང་། བརྒྱུད་རིམ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ། སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་དང་དོ་དམ་ཚོད་འཛིན་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་རྒྱག་པ། དུས་རབས་གསར་པར་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་མགྱོགས་མྱུར་བྱེད་པར་སྔར་བས་ཞི་མཐུན་བརྟན་ལྷིང་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།