[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2019ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཐབས་ལམ་དང་ལས་གནས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    སློབ་ཆེན་ཐོན་པའི་སློབ་མ་རྣམས་ལ།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་ད་བར་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་དང་ལས་གཏོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ཞིང་། ཐོག་མཐའ་བར་གསུམ་དུ་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་དང་དམངས་སེམས་ཀྱི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ཏེ། ལས་ཞུགས་གཙོར་བཟུང་གི་འཐབ་ཇུས་དང་ནུས་ལྡན་གྱི་ལས་ཞུགས་སྲིད་ཇུས་ལག་བསྟར་གྱིས་ཕྱོགས་ཡོངས་ནས་སྐུལ་སློང་དང་སྐུལ་འདེད་བཏང་བར་བརྟེན།   རང་ལྗོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་གནས་བབ་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་བརྩོན་ཡོང་བར་སྐུལ་འདེད་ཐུབ་ཡོད། 

    2019ལོའི་རང་ལྗོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་།  འབྲེལ་ཡོད་སྡེ་ཚན་ཁག  རིམ་པ་ཁག་དང་རིགས་ཁག་གི་ཁྲོམ་ར་གཉེར་མཁན་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལས་གནས་བསྡུ་རུབ་ཧུར་ཐག་བྱས་ཡོད།  ད་ལྟ་བསྡུ་རྩིས་ཡོད་པའི་ལས་ཞུགས་ལས་གནས་48379ཡི་ཆ་འཕྲིན་སྤྱི་བསྒྲགས་སྤེལ་རྒྱུ་སྟེ།  

    གཞུང་ལས་པའི་ལས་གནས་4900(ལྗོངས་ནང་ཁུལ་དུ་གཞུང་ལས་པ་4200དང་ལྗོངས་ཕྱིའི་གཞུང་ལས་པ་700བསྡུ་རྩིས་འདུག)

    ཁེ་ལས་ཀྱི་ལས་གནས་35707(ལྗོངས་ནང་ཁུལ་དུ་ཁེ་ལས་ལ་མི་19313དང་ལྗོངས་ཕྱིའི་ཁེ་ལས་ལ་མི་16394བསྡུ་རྩིས་འདུག)    

    སློབ་ཆེན་སློབ་མ་གཞི་རིམ་དུ་འཚར་ལོངས་ཡོང་བ་བྱེད་རྒྱུའི་འཆར་གཞིའི་ལས་གནས་6164(ཤང་དང་གྲོང་གསེབ་དར་སྤེལ་གྱི་ཆེད་ལས་ལ་མི་5399དང་།    “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”ལ་མི་300    ནུབ་རྒྱུད་དང་བླངས་པར་མི་65   དམག་དཔུང་ལ་མི་400བཅས་བསྡུ་རྩིས་འདུག)  

    སློབ་རིམ་མཐོར་གཏོང་འཆར་གཞིར་མི་1608བཅས་བསྡུ་རྩིས་ཡོད་པ་རེད། 

    རེ་བར།  སློབ་ཆེན་ཐོན་པའི་སློབ་མ་ཚོས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཞུགས་ཀྱི་ལྟ་བ་དང་།  ལས་འདེམས་ཀྱི་ལྟ་བ། འཚར་ལོངས་ཀྱི་ལྟ་བ་བཅས་ཡང་དག་འཛིན་ཞིང་།   ཐབས་ལམ་སྣ་ཚོགས་བརྒྱུད་ནས་བྱས་རྗེས་འཇོག་པ་དང་བྱ་གཞག་བསྐྲུན་ཏེ་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས།

    བོད་རང་སྐྱོངས་ལྗོངས་ཀྱི་2019ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་འཆར་གཞིའི་རེའུ་མིག་གཤམ་དུ་བཀོད་ཡོད།

    རང་སྐྱོང་ལྗོངས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

                                                          2019ལོའི་ཟླ་7ཚེས་9ཉིན།

    བོད་རང་སྐྱོངས་ལྗོངས་ཀྱི་2019ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གནས་ཀྱི་དགོས་མཁོའི་འཆར་གཞིའི་རེའུ་མིག


    1.jpg

    2.jpg

    3.jpg

    4.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།