[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2019ལོར་རྫོང(ཆུས)ཁག་19དབུལ་གྲལ་ནས་ཕྱིར་འཐེན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་བསྒྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-24

    ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《〈དབུལ་པོ་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར〉གྱི་བརྡ་ཐོ》(ཐིང་ཡིག་ཨང[2016ལོའི]16པ)དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི《〈གྲོང་ཚོ(གྲོང་ལྷན)དབུལ་པོ་ནས་ཕྱིར་འཐེན་དང་རྫོང(ཆུས)དབུལ་པོ་དབུལ་ཞྭ་འབུད་པའི་ཞིབ་དཔྱད་བྱ་ཐབས〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་ཏང་ཨུད་གཞུང་དོན་ཐིང་གིས་སྤེལ་བའི་ཡིག་ཨང[2016ལོའི]33པ)ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་2019ལོར་དབུལ་སྒྲོལ་གྱི་དབུལ་ཞྭ་འབུད་འཆར་ཡོད་པའི་རྫོང(ཆུས)ཁག19རྫོང(ཆུས)ཁག་གིས་འདུན་ཞུ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐོག་མའི་ཞིབ་བཤེར། རང་སྐྱོང་ལྗོངས་ཀྱིས་ས་ཆ་དངོས་སུ་ཞིབ་དཔྱད་ཚོད་སྐོར་དང་ཡོངས་བསྒྲགས་བྱས་རྗེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་དཔྱད་བྱས་པ་བརྒྱུད་རྫོང་དབུལ་པོའི་གྲལ་ནས་ཕྱིར་འཐེན་ཆོག་པའི་ཆ་རྐྱེན་དང་འཚམ་ཡོད། 2019ལོའི་ཟླ་12ཚེས་9ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་། ས་དགའ་རྫོང་། ལྷ་རྩེ་རྫོང་། རྣམ་གླིང་རྫོང་བཅས་དང་། ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། བྲག་གཡབ་རྫོང་བཅས། ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་དང་། སྦྲ་ཆེན་རྫོང་། ཉི་མ་རྫོང་། མཚེའུ་གཉིས་རྫོང་། ཤན་རྩ་རྫོང་བཅས། མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་བཅས་རྫོང(ཆུས)ཁག19རྫོང(ཆུས)དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱས་པར་ཆོག་མཆན་སྤྲད་པ་ཡིན།

    དམིགས་སུ་བཀར་ནས་སྤྱི་བསྒྲགས་འདི་སྤེལ།

    བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས།

    2019ལོའི་ཟླ་12ཚེས་23ཉིན། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།