[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གུང་ཀྲུང་དབྱང་གིས།

    《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དོན་ཡོངས་བསྒྲགས་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཀྲམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-27

    ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་དོན་ཡོངས་བསྒྲགས་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་ཞུས་ཏེ་ལག་ལེན་ནན་པོ་བསྟར་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་ནན་བཤད་བྱས་དོན། ཏང་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་ནི་རང་རེའི་ཏང་གི“གདེང་ཚོད་བཞིའི”མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ་ཏང་ཡོངས་ཀྱི“འདུ་ཤེས་བཞི”ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས་དེར་ཏང་ནང་ཁུལ་གྱི་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ། ཏང་ཡོངས་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། མི་དམངས་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་བློ་སེམས་གཅིག་སྒྲིལ་དང་གོང་བུ་འགྲིལ་ཤུགས་ཆེ་ཤོས་ཤིག་ཆགས་པ་བྱ་རྒྱུ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་སྔར་བས་ལེགས་པའི་ངང་ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། 《སྲོལ་ཡིག》བཟོས་ནས་བཏོན་པ་དེས་ཏང་དོན་ཡོངས་བསྒྲགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་གཞི་རྩའི་གཞི་འཛིན་ས་མཁོ་འདོན་བྱས་པ་དེ་ཐོག་ནས་ཏང་དོན་ཡོངས་བསྒྲགས་ལས་དོན་ཕྱོགས་ཡོངས་ནས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་སྲོལ་ལམ་ཐོག་བསྐྱོད་པ་ཡང་མཚོན་ཡོད།

    བརྡ་ཐོའི་ནང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་དོན་ཡོངས་བསྒྲགས་ཀྱི་གཞི་རྩའི་རྩ་དོན་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་ཏང་དོན་ཡོངས་བསྒྲགས་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་འདུ་འགོད་གསར་པའི་ལག་ལེན་ནང་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུའི་ནང་འཇོག་པ་དང་། ཏང་གི་འགོ་ཁྲིད་བླང་བྱ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཏང་དོན་ཡོངས་བསྒྲགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ལག་བསྟར་བྱེད་དགོས། 《སྲོལ་ཡིག》གི་སློབ་སྦྱོང་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས《སྲོལ་ཡིག》གི་གཞི་རྩའི་དགོངས་དོན་དང་། ནང་དོན་གཙོ་བོ། ལས་ཀའི་བླང་བྱ་བཅས་ཕྱོགས་ཡོངས་དང་གནད་འཁེལ་ངང་ཁོང་དུ་ཆུད་པ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་བྱེད་དགོས་པ་དང་། ཏང་གི་སློབ་གྲྭ་དང་། ལས་བྱེད་པའི་སློབ་གླིང་། སྲིད་འཛིན་སློབ་གླིང་བཅས་ཀྱིས་གསོ་སྦྱོང་གི་སློབ་ཚན་ནང《སྲོལ་ཡིག》འཇུག་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ《སྲོལ་ཡིག》གི་ལག་བསྟར་ཇུས་གཞི་ཡག་པོ་བཟོ་བ་དང་། ཏང་དོན་ཡོངས་བསྒྲགས་ཀྱི་དཀར་ཆག་བཟོ་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བཅས་བྱེད་དགོས། ཏང་དོན་ཡོངས་བསྒྲགས་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་འགོ་ཁྲིད་བློ་མཐུན་གྱིས་འགན་འཁུར་བ་དང་། གཞུང་དོན་ཐིང(ཁང)གིས་སྣེ་ཁྲིད་པ། འབྲེལ་ཡོད་སྡེ་ཚན་ཞུགས་པ་བཅས་ཀྱི་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཏང་དོན་ཡོངས་བསྒྲགས་ཀྱི་ལས་ཀའི་སྒྲིག་གཞི་དང་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་དོན་ཡོངས་བསྒྲགས་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།