[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཇི་ལྟར་བྱས་ནས“ནད་གཞི་བསྟེན་དཀའ་བ”དང“སྨན་རིན་མཐོ་བའི”དཀའ་གནད་སེལ་དགོས་སམ།

    ཡུལ་གཞན་དུ་རྩིས་རྒྱག་པའི་བྱ་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ནད་ཆེན་འགན་བཅོལ་རྩིས་ཞུའི་བསྡུར་གྲངས་50%ནས་60%བར་མཐོ་རུ་གཏོང་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-09

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་30མང་དུ་གཏོང་དགོས་པ་དང་། དེའི་ནང་གི་ཕྱེད་ཀ་ནད་ཆེན་འགན་བཅོལ་ལ་སྤྱོད་དགོས། ནད་ཆེན་འགན་བཅོལ་གྱི་དངུལ་ཐོག་མ་སྤྲོད་པའི་ཚད་གཞི་དམའ་རུ་གཏོང་བ་དང་ཆབས་ཅིག་གཅིག་གྱུར་ཡོང་བ་བྱས་ནས་རྩིས་ཞུའི་བསྡུར་གྲངས་50%ནས་60%བར་མཐོ་རུ་གཏོང་དགོས། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་སོགས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རྫས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ནང་འཇུག་དགོས། ཞིང་ཆེན་སྒྲོལ་བ་དང་ཡུལ་གཞན་དུ་སྨན་བཅོས་ཀྱི་ཐད་ཀའི་རྩིས་ཞུའི་སྲིད་ཇུས་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲེ་ཅང་ཞིང་ཆེན་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀོ་མིང་ཧྭ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་སོགས་ནད་གཞིའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་མཐོ་བ་དང་ཡུལ་གཞན་དུ་རྩིས་ཞུ་དཀའ་བ་སོགས་ཀྱི་སྨན་བཅོས་ཁྱབ་ཁོངས་ཀྱི་མཁྲེགས་ས་དང་དཀའ་གནད་ལ་ཐད་ཀར་དམིགས་ནས་ཕན་འབྲས་དངོས་ཐོན་པའི་ཐག་གཅོད་ཇུས་གཞི་དང་དམིགས་ཚད་བཏོན་ཡོད་པའི་ངོས་འཛིན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།