[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་གནམ་ཐང་འཛུགས་སྐྲུན་ལས་དོན་གྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-08

    ལྗོངས་ཏང་ཨུད་ནོར་དཔལ་ཨུ་ལྷན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། ཚེས་5ཉིན་རང་སྐྱོང་ལྗོངས་གནམ་ཐང་འཛུགས་སྐྲུན་ལས་དོན་གྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས“3+1”གནམ་ཐང་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། ལས་ཕྱོད་ཆེ་རུ་གཏོང་བ། མྱུར་ཚད་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་འགན་ལེན་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ། “བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྩོན་ལེན་བྱེད་པ་བཅས་ནས་འགོ་བརྩམས་ཏེ“3+1”གནམ་ཐང་གི་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ། “ཐོག་མའི་བསམ་འདུན་བློ་ལ་ངེས་པ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་པ། ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་དང་བྱང་ཚད་སྔར་བས་མཐོ་རུ་གཏོང་བ། ཚོགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཕྱར་བ་གྲུ་འདེགས་དང་ཕྱོགས་གཅིག་ཏུ་ཤུགས་འདོན་པ་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ཐུན་མོང་ཐོག་དམ་འཛིན་ནན་པོ་དང་། ཏན་ཏིག ཡག་པོ་བཅས་བྱེད་དགོས། དམིགས་ཚད་ལས་འགན་དང་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ལས་འགན་གྱི་གསལ་ཐོ་བཟོ་བ་དང་། སྙན་སེང་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ། བྱ་ཐབས་ཞིབ་ཕྲ་བཟོ་བ། དུས་བཀག་བླང་བྱ་ཁ་གསལ་བཟོ་བ་བཅས་བྱེད་དགོས་པ་དང་ཆབས་ཅིག བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་ལས་ཡུན་ལྡོག་སྒྲིག་གིས་དབྱར་དུས་ཆུ་རྒྱས་པའི་ལས་གྲྭའི་མྱུར་ཚད་ལ་དམ་འཛིན་ནན་པོ་བྱེད་དགོས། “མིག་མངས་སྒྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཅངས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མ་དངུལ་བེད་སྤྱོད་ཀྱི་དོ་དམ་ནན་དུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་སྙན་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བདེ་བླག་ཐུབ་པ་དང་སྔ་ཙམ་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།