[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-08

    ཚེས་6ཉིན་གྱི་སྔ། དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་ཞུགས་ལས་གཏོད་སྐོར་གྱི་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་དང་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཐད་སླར་ཡང་ཞིབ་འཇུག་དང་། སླར་ཡང་བཀོད་སྒྲིག སླར་ཡང་སྐུལ་འདེད་བཅས་གནང་བ་རེད། 

    གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད། ཏིང་ཡེ་ཤན་གྱིས་གཅིག་ནས་དམིགས་ཚད་དང་ལས་འགན་ལ་སླར་ཡང་དམིགས་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་སའི་གལ་ཆེའི་རང་བཞིན་དང་། དགོས་གཏུགས་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཐད་སེམས་ནུས་གཅིག་སྡུད་དང་། སྟོབས་ཤུགས་གཅིག་སྡུད། སྲིད་ཇུས་གཟིགས་སྐྱོང་བཅས་མཐའ་འཁྱོངས་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་དང་བློ་གྲོས་གཅིག་སྡུད་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་ལས་ཀའི་བྱེད་ཐབས་སླར་ཡང་ཞིབ་ཕྲ་བཟོ་དགོས། ལས་ཀའི་དོན་དངོས་ལ་གཞི་ཚུགས་པ་དང་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ནས་འབྲེལ་ཡོད་སྲིད་ཇུས་ཀྱི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་ལ་སྔར་བས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པར་སྐུལ་འདེད་གཏོང་དགོས། “ནང་དུ་ལྟ་བ”དང“ཕྱིར་ལྟ་བ”ཟུང་འབྲེལ་བྱེད་པ་དང་། གནད་སྨིན་བླང་བྱ་དོན་འཁྱོལ་བྱེད་པ། ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། བོད་སྐྱོར་ཐོན་ཁུངས་སྦྲེལ་མཐུད་བྱེད་པ་བཅས་བྱས་ནས་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར་ཞབས་ཞུའི་མཛུབ་ཁྲིད་བྱེད་པ་དང་། ལས་ཞུགས་རོགས་སྐྱོར་བྱེད་པ། ལས་འཚོལ་གདམ་ག་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐད་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། གསུམ་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་སླར་ཡང་ཤུགས་སྣོན་རྒྱག་དགོས། དྲིལ་བསྒྲགས་ཀྱི་ཤུགས་རྒྱག་ས་དང་། གཞི་རྟེན། དམིགས་ཚད་བཅས་གནད་འཁེལ་འཚོལ་བའི་རྨང་གཞིའི་ཐོག རིམ་པ་ཁག་དང་ལས་རིགས་ཁག་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་རང་འགུལ་ངང་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་སློག་པ་བཅས་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་ཀྱིས་ལས་ཞུགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་དེ་དུས་རབས་གསར་པའི་ཀྲུང་དབྱང་གི་ལས་ཞུགས་བྱེད་ཕྱོགས་ཀྱི་ནང་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་བྱེད་དགོས། བཞི་ནས་ལས་ཀའི་འགན་འཁྲི་སླར་ཡང་ནན་དུ་གཏོང་དགོས། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་འགན་འཁྲི་དང་ལས་འགན་ཁག་བགོས་ཁོང་དུ་ཆུད་པ་བྱེད་པ་དང་རྩེ་རིམ་ཇུས་འགོད་ཡག་པོ་བྱས་ཏེ་འགན་འཁྲི་དང་ལས་འགན་ཁྱབ་ཁོངས་ཀྱི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབ་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་བྱེད་པོའི་འགན་འཁྲི་འཁུར་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་དགོས། མཐོ་སློབ་ཁག་གིས་དམིགས་ཚད་སྟོན་ཕྱོགས་འཛུགས་པ་དང་སློབ་བསྡུ་དང་། སློབ་ཁྲིད། ལས་ཞུགས། སློབ་མ་བཅས་ཀྱི་ལས་དོན་མཉམ་སྒུལ་མཐའ་འཁྱོངས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་ལེགས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།