[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསྟན་ཁོས་དམངས་གཉེར་ཁེ་ལས་དང་ཚོང་ཚོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག

    བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོང་ཚོགས་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དམངས་གཉེར་དཔལ་འབྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    ཚེས་9ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བསྟན་ཁོས་སྣེ་ཁྲིད་དེ་བོད་ལྗོངས་ཐན་ཡུའུ་བདེ་ནས་ཀྱི་ཨ་རག་ཚད་ཡོད་འགན་འཁྲི་ཀུང་སི་དང་བོད་སྐོར་དཀྱིལ་འཁོར་དམངས་གཉེར་ཁེ་ལས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ། ས་གནས་ས་ཐོག་ཏུ་ཁེ་ལས་འཕེལ་རྒྱས་གཉེར་སྐྱོང་དང་སྲིད་ཇུས་དོན་འཁྱོལ་གནས་ཚུལ་མཁྱེན་རྟོགས་གནང་རྗེས། དམངས་གཉེར་ཁེ་ལས་དང་ཚོང་ཚོཌ་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་འཐབ་ཕྱོཌ་གཅིག་གྱུར་པུའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    བསྟན་ཁོས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོང་ཚོགས་འདི་ཉིད་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་དང་པོའི་གཞི་རིམ་གྱི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས། ད་རེས་ཀྱི་སྒྱུར་བཅོས་ཟབ་གཏོང་གོ་སྐབས་སུ་བཟུང་ནས་ངེས་གནས་ཡང་དག་འཚོལ་བ་དང་། འཛུགས་སྐུན་ལ་ཤུགས་སྣོན། འགན་ནུས་སྒྲུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གལ་ཆེན་དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་སུ་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བསྟན་ཁོས་རིམ་ཁག་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས། ཏང་སྲིད་འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་དང་། མཐུན་སྦྱོར་དམ་ཟབ། ལྟ་སྐུལ་ལ་ཤུགས་སྣོན་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་འཆད་འགྲེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རང་ལྗོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོང་ཚོགས་སྒྱུར་བཅོས་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།