[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྤེན་པ་བཀྲ་ཤིས་ཀྱིས་དྭངས་ར་གཡུ་མཚོའི་སྣོད་བཅུད་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-15

    ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་དྭངས་ར་གཡུ་མཚོའི་མཚོ་དཔོན་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་དུ་ཕེབས་ནས་དྭངས་ར་གཡུ་མཚོའི་སྣོད་བཅུད་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་མཚོ་དཔོན་དང་བཞུགས་མོལ་སྤེལ་རེས་གནང་སྟེ། དྭངས་ར་གཡུ་མཚོའི་སྣོད་བཅུད་སྲུང་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་དྭངས་ར་གཡུ་མཚོ་མཐོང་སྐབས་སྤེན་པ་བཀྲ་ཤིས་དགྱེས་ཚོར་ཆེན་པོ་བྱུང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་སྐོར་གྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི”མངགས་བཅོལ་ནན་པོ་བློ་ལ་བརྟན་པོར་ངེས་ཏེ། ཕུགས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཀྱི་ཐོག་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཀྱི་གནས་བབ་དང་། སྣོད་བཅུད་ཀྱི་རིན་ཐང་། སྣོད་བཅུད་ཀྱི་ནུས་པ་བཅས་ལ་ངོས་འཛིན་བྱས་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་གྲུབ་འབྲས་དངོས་ཀྱི་ཐོག་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་བརྩི་བའི་རྩ་དོན་མཐའ་འཁྱོངས། སྣོད་བཅུད་ཁོར་ཡུག་བཟང་པོ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཆེ་ཤོས་སུ་བརྩི་བ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་ཀྱི་རྩ་དོན་དེ་ལས་དོན་འཆར་འགོད་དང་། རྣམ་གྲངས་འཛུགས་སྐྲུན། སྣོད་བཅུད་སྲུང་སྐྱོང་བཅས་ཀྱི་ཐབས་ཇུས་དང་། ལག་བསྟར། དཔྱད་ཞིབ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་དུས་སྐབས་ཤིག་རིང་དང་ཡུལ་ཞིག་གི་དཔལ་འབྱོར་འཕེལ་རྒྱས་ཆེད་སྣོད་བཅུད་ཁོར་ཡུག་བློས་གཏོང་བའི་བྱེད་ཐབས་མཐའ་གཅིག་ཏུ་དོར་དགོས་པ། མིག་མདུན་གྱི་ཁེ་ཕན་ཆེད་ཕུགས་ཀྱི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་བློས་གཏོང་གཏན་ནས་མི་བྱེད་པ། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་ས་གཞི་ཆེ་མོའི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།