[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷ་དང་ཕན་ཀུང་ཧྲེང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-15

    ཚེས་11ཉིན། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཕན་ཀུང་ཧྲེང་གིས་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་རེད།

    ཆེ་དགྲ་ལྷས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་དངུལ་རྩའི་སྒྲིག་གཞི་ཁག་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་མུ་མཐུད་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ་དང་། དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ། དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་ཡོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཐག་གཅོད་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་ཞེས་གསུངས་པ་རེད།

    ཕན་ཀུང་ཧྲེང་གིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཡིན་པས། དངུལ་རྩའི་སྒྲིག་གཞི་ཁག་གིས་དངུལ་རྩའི་དབུལ་སྐྱོར་ལས་དོན་གྱི་བཀོད་སྒྲིག་ལ་གཞིགས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དངུལ་རྩའི་སྟོབས་ཤུགས་ཀྱིས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། ཁོང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། འོས་འགན་སློབ་གསོ། གཞི་རྩའི་སྨན་བཅོས། སྡོད་ཁང་དང་འཐུང་ཆུའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ཏེ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་དུ་དངུལ་རྩའི་ཞབས་ཞུ་ཀུན་ལ་ཁྱབ་རྒྱུ་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་འབྲེལ་ཡོད་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཀྱི་འཐུས་མིའི་དབར་ཕན་ཚུན་སྤེལ་རེས་གཏམ་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།